འཇོལ་ཧོར་གྲོང་དུ་ཞིམ་མངར་ལྡན་པའི་རྒུན་འབྲུམ་སྨིན་བྱུང་།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 





    འཇོལ་རྫོང་ཡུན་ལིང་ཤང་ཧོར་གྲོང་ཚོ་ནི་རྫོང་མཁར་དང་འཁོར་ལམ་དུས་ཚོད་གཅིག་གི་སར་གནས་ཤིང་།  ཕྱོགས་བཞིར་གངས་དང་རྫ་རི།  ནགས་རིས་བསྐོར་བ།  ལོ་གཅིག་ལ་ལོ་ཏོག་ཐེངས་གཉིས་བསྡུ་བའི་མཛེས་སྡུག་གི་ཞིང་གྲོང་ཞིག་ཡིན།    ས་གནས་སྲིད་གཞུང་གི་རོགས་སྐྱོར་འོག   རྒན་འབྲུམ་ནི་ཡུལ་འདིའི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད།   ཡུལ་འདིའི་གནས་གཤིས་ཀྱི་དྲོད་གྲང་སྙོམས་ཤིང་མཁའ་དབུགས་ཀྱང་གཙང་མ་ཡིན་པས།  ཞིང་ནང་དུ་རྒུན་འབྲུམ་གྱི་སྟར་སྡོང་མུ་འབྲེལ་ནས་བཙུགས་ཡོད་པ་མཐོང་ཐུབ་ལ།   སྟར་སྡོང་གི་མགོ་ལ་སེར་ལམ་མེར་ཆགས་པའི་འབྲས་བུས་ཡོངས་སུ་བཀང་འདུག    རྒྱལ་སྟོན་དུས་ཆེན་གྱི་སྐབས་ནི་ཏག་ཏག་རྒུན་འབྲུམ་སྨིན་པའི་དུས་ལ་སླེབས་ཡོད་ཅིང་།   སྲིད་གཞུང་གིས་གཅིག་གྱུར་གྱིས་རྒུན་འབྲུམ་ཉོ་བསྡུ་བྱེད་ཀྱི་ཡོད།