ད་ལོར་བདེ་ཆེན་དུ་མཐོ་རྒྱུགས་སྤྲོད་མཁན་གྱི་སློབ་མ2369ཡོད།

རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2017-06-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ་6པའི་ཚེས་7ཉིན་ནི་མཐོ་རྒྱུགས་ཀྱི་ཉིན་དང་པོ་ཡིན་ཞིང་།རང་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་2369རྒྱུགས་རར་སྐྱོད་དེ་མི་ཚེའི་སློབ་སྦྱོང་གི་གྲུབ་འབྲས་ཀྱི་ཞིབ་བཤེར་ཆེན་མོ་དང་ལེན་ཞུས་པ་རེད།

         ད་ལོར།ཁུལ་ཡོངས་ཀྱི་མཐོ་རྒྱུགས་ལ་ཞུགས་པའི་མཐོ་འབྲིང་དཀྱུས་མའི་སློབ་མ་ཁྱོན་བསྡོམས་2314ཡོད་པ་དང་།ལས་རིགས་མཐོ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭ།ལག་རྩལ་སློབ་གྲྭ་སྟེ་སློབ་གྲྭ་རིགས་གསུམ་གྱི་སློབ་མ་55ཡོད་ལ།ཁྱོན་བསྡོམས་རྒྱུགས་ར་ཁང་མིག་80བཙུགས་ཡོད། རིག་གནས་ཚན་ཁག་གི་རྒྱུགས་ར་ནི་ཁུལ་མི་རིགས་སློབ་འབྲིང་གི་བྱང་ཁུལ་སློབ་གྲྭར་བཙུགས་ཡོད་པ་དང་།ཁྱོན་བསྡོམས་རྒྱུགས་ར་ཁང་མིག་47ཡོད་པ་དང་རྒྱུགས་སྤྲོད་སློབ་མ་1387ཡོད།རང་བྱུང་ཚན་རིག་པ་དང་བཟོ་བསྐྲུན་རིག་ཚན་ཁག་དང་།མཐོ་འབྲིང་ལས་རིགས་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ།ལག་རྩལ་སློབ་གྲྭའི་སློབ་མའི་རྒྱུགས་ར་ནི་སེམས་ཀྱི་ཉི་ཟླའི་སློབ་འབྲིང་དུ་བཙུགས་ཡོད་པ་དང་།ཁྱོན་བསྡོམས་རྒྱུགས་ར་ཁང་མིག་33དང་རྒྱུགས་སྤྲོད་སློབ་མ་982ཡོད།

       བདེ་འཇགས་མཐོ་རྒྱུགས་དངོས་སུ་འགྲུབ་ཆེད།ཁུལ་དང་རྫོང་དང་གྲོང་ཁྱེར་གྱི་སློབ་གསོ་དང་སྤྱི་བདེ།ལྟ་སྐུལ་ཞིབ་དཔྱོད།དྲིལ་བསྒྲགས།གསང་སྲུང་།འཕྲིན་སྐྱེལ།མེ་གསོད།གློག་ཤུགས་སོགས་སྡེ་ཚན་གྱིས་ལག་གདང་སྦྲེལ་ནས་མཐོ་རྒྱུགས་སྲུང་སྐྱོང་བྱས་པ་རེད།