བདེ་ཆེན་རྫོང་གིས་སྔོ་ཚལ་ཐོན་སྐྱེད་ལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   ཉེ་ཆར། བདེ་ཆེན་རྫོང་ཞིང་ལས་ཚན་རྩལ་ཅུས་དང་སྨན་རིགས་ལྟ་སྐུལ་ཅུས་དང་བཅས་པའི་སྡེ་ཁག་སོགས་ཀྱིས་སྔོ་ཚལ་གྱི་ཐོན་སྐྱེད་བདེ་འཇགས་ལ་ཞིབ་བཤེར་བྱས་པ།
        ཞིབ་བཤེར་ཚོ་ཆུང་གིས་སྔོ་ཚལ་གྱི་རྟེན་གཞི་དང་ཞིང་དུད་སྔོ་ཚལ་གྱི་ཞིང་ས་ལ་ཞིབ་བཤེར་བྱས་པ་དང་། སྔོ་ཚལ་ཐོན་སྐྱེད་ཀྱི་བརྒྱུད་རིམ་དུ་ཞིང་སྨན་སྤྱོད་པའི་གནས་ཚུལ་སོགས་རྒྱུས་ལོན་བྱས་པ། ད་དུང་ཞིབ་བཤེར་ཁྲོད་དུ་རྟོགས་པའི་གནས་ཚུལ་ལ་དམིགས་ནས་ཞིང་དུད་ལ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས་པའི་བཀའ་ཕབ་པ།
        དྲོད་ཚད་མཐོ་བའི་གནམ་གཤིས་ཀྱིས་སྤྱིལ་བུའི་སྔོ་ཚལ་གྱི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་པར་དམིགས་ཏེ། ཞིབ་བཤེར་ཚོ་ཆུང་གིས་ད་དུང་སྔོ་ཚལ་འདེབས་མཁན་གྱི་ཞིང་དུད་ལ་བསམ་འཆར་འདོན་དོན། དུས་ཐོག་ཏུ་སྤྱིལ་བུའི་དྲོད་ཚད་མར་ཆགས་པ་དང་། སྤྱིལ་བུའི་སྔོ་ཚལ་གྱི་ནད་དང་འབུའི་གནོད་པ་སྔོན་འགོག་བྱེད་པ། ཞིང་ཁའི་ཡིག་ཚགས་ཟིན་བྲིས་རྒྱག་པའི་ལས་ཀ་སོགས་ཡག་པོ་སྒྲུབ་དགོས། སྤྱིལ་བུའི་ནང་གི་ཐོན་རྫས་ལ་སྤྱི་གནོད་མེད་པའི་བཟའ་ཆས་ཀྱི་བླང་བྱ་དང་མཐུན་པར་འགན་སྲུང་བྱེད་དགོས།
        ཐེངས་འདིའི་སྔོ་ཚལ་གྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོ་ཡིས་ཡུལ་དངོས་སུ་ལྟ་ཞིབ་བྱེད་པ་དང་། སྔོ་ཚལ་འདེབས་མཁན་ཞིང་དུད་ཀྱི་ཆ་འཕྲིན་ཟིན་བྲིས་རྒྱག་པ། དཔེ་བླངས་པའི་སྔོ་ཚལ་ལ་ཞིབ་དཔྱད་ཚད་ལེན་སོགས་རྣམ་པ་ཁག་སྤྱད་ནས་ལག་བསྟར་བྱས་པས། བདེ་ཆེན་རྫོང་གི་སྔོ་ཚལ་གྱི་བདེ་འཇགས་ལ་འགན་སྲུང་བྱས་པ་རེད།