བདེ་ཆེན་ཁུལ་གྱིས་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་ལེགས་སྒྲིག་བྱས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་1ཉིན་ནས་བཟུང་།རང་ཞིང་ཆེན་གྱིས་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་ནི་ཐེངས་བཅུ་པར་འཕར་བ་རེད།དེའི་ནང་།རང་ཁུལ་གྱིས་ལེགས་སྒྲིག་བྱས་པའི་རྗེས་ཀྱི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་ནི།ཁུལ་ཨུ་དང་།སེམས་ཀྱི་ཉི་ཟླ་རྫོང་།དཔལ་འབྱོར་གསར་སྤེལ་ཆུས་ཀྱི་ཁོངས་གཏོགས་ས་ཆ་རེའི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་ནི་ཟླ་རེ་ལ་སྒོར་1130དང་།དུས་ཚོད་ཀྱི་ཆེས་དམའ་བའི་གླ་ཕོགས་ནི་ཚད་ལྡན་དུས་ཚོད་རེ་ལ་སྒོར་10།བདེ་ཆེན་རྫོང་དང་འབའ་ལུང་རྫོང་གི་ཁོངས་གཏོགས་ས་ཆ་ནི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་ཟླ་རེ་ལ་སྒོར་955དང་།དུས་ཚོད་ཀྱི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་དུས་ཚོད་རེ་ལ་སྒོར་9རེད།ཟླ་རེའི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་ཉིན་གང་ལམ་ལུགས་ཀྱི་ལས་ཀར་ཞུགས་པའི་ངལ་རྩོལ་པ་ལ་སྤྱོད་འཐུས་པ།དུས་ཚོད་ཀྱི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་ལྡན་ནི་ཉིན་གང་ལམ་ལུགས་མིན་པའི་ལས་ཀར་ཞུགས་པའི་ངལ་རྩོལ་པ་ལ་སྤྱོད་འཐུས་པ་རེད།