བོད་ཡིག་གི་ཡིག་གཟུགས་ཨང་སྒྲིག་བརྗེ་བསྒྱུར་བྱེད་ཐབས་དཔེ་རིས་སྟེང་ནས་འགོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-19   རྩོམ་ཁུངས།    ཚེ་རིང་གིས་བསྒྱུར།

   དུས་རྒྱུན་ང་ཚོས་ཡིག་ཆ་རྣམསWordསོགས་ཀྱི་སྟེང་ཉར་ཚགས་བྱེད་ཀྱི་ཡོད་སྟབས། ཐོག་མར་བསྒྱུར་བྱའི་ཡི་གེ་དག་ཡིག་རྐྱང་ཡིག་ཆའི་སྟེང་སྦྱར་ཏེ་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཚེ་ཡིག་གཟུགས་ཕན་ཚུན་བརྗེ་སྒྱུར་བྱས་ན་ཤིན་ཏུ་མགྱོགས་པ་ཡིན། ཡིག་རྐྱང་ཡིག་ཆ་དེ་གློག་ཀླད་ཐོག་འདུས་ཡོད་མོད་ཁ་ཕྱེ་སྟངས་མི་ཤེས་ན་གཤམ་གསལ་ལྟར།


སྔོན་ལ་ཕབ་གཞོང་སྟེང་གི་དེ་གཉིས་མཉམ་དུ་མནན་པ།


Notepadཅེས་བྲིས་རྗེས་གཏན་འཁེལ་བྱོས། 


སྟོང་ངོས་འདི་འདྲ་ཞིག་འཆར་བ་ནི་ཡིག་རྐྱང་ཡིག་ཆའི་འབྲི་དེབ་རེད། དེའི་ནང་དུ་བསྒྱུར་བྱའི་མ་ཡིག་གི་
ཡིག་གཟུགས་སྦྱོར་བ་དཔེར་ན་པཎྚིཏའི་ཡིག་གཟུགས་རྣམས་ཉར་ཚགས་བྱེད་པ། 


ཡིག་ཆ་ཉར་ཚགས། 


ཨང་སྒྲིག་འདེམས་དུས། པཎྜིཏ་དང་དོན་ཡོད་སོགས་ཀྱི་ཡིག་གཟུགས་ཉར་བརANSIའདེམས་པ་དང་། ཧི་མ་ལ་ཡའི་ཡིག་གཟུགས་
ཉར་བརUnicodeའདེམས་པ། དེ་ནས་ཉར་ཚགས་བྱེད་དགོས་ཤིང་། གནས་གང་དུ་ཉར་བ་རང་
ཉིད་ཀྱིས་ཡིད་ལ་འཛིན་དགོས་ཏེ་ཡིག་གཟུགས་བརྗེ་སྒྱུར་བྱེད་དུས་སུ་མཁོ། 


དེ་ནས་མཉེན་ཆས་འདིའི་ཁ་ཕྱེ་དགོས། མཉེན་ཆས་འདི་ཕབ་ལེན་བྱེད་གནས། 
http://bo.tibetitw.com/article/download/utfc.html


མཉེན་ཆས་འདིར་རྒྱ་ཡིག་དང་བོད་ཡིག  དབྱིན་ཡིག་ཅེས་པར་མ་གསུམ་འདུས་ཡོད་ལ་རང་ཉིད་གང་ལ་མོས་ན་དེ་སྒྲིག་འཇུག་བྱེད་ཆོག
གཤམ་ནས་པཎྜིཏ་ཡིག་གཟུགས་དེ་ཧི་མ་ལ་ཡར་བསྒྱུར་ཚུལ་ནི། མ་ཡིག་གི་ཡིག་གཟུགས་པཎྜིཏ་འདེམས་པ། ཡིག་ཆའི་རྣམ་གཞག་ནི་
ཡིག་རྐྱང་ཡིག་ཆ། (txt) ཡིག་ཆའི་མིང་ནི་གོང་ནས་ཉར་ཟིན་པའི་ཡིག་ཆ་གང་དུ་ཡོད་པ་དེའི་ཁ་ཕྱེ་བ། སྒྱུར་ཡིག་གི་ཡིག་
གཟུགས་ཧི་མ་ལ་ཡ་ནི Unicode སྟེང་དུ་འཇོག་པ། ཡིག་ཆའི་རྣམ་གཞག་ནི་ཡིག་རྐྱང་ཡིག་ཆ། (txt)ཡིག་
ཆའི་མིང་ནི་བསྒྱུར་བྱའི་ཡིག་ཆ་དེ་གང་དུ་ཉར་བའི་ལམ་སྟོན་པར་ཡིག་ཆའི་མིང་གསར་
བ་ཞིག་འདོགས་པ་དཔེར་ན་གཤམ་གསལ་ལྟར།


ཉར་སའི་གནས་དང་ཡིག་ཆའི་མིང་གཏན་འཁེལ་བྱས་ནས་ཁ་ཕྱེ་བ། དེ་ནས་བརྗེ་སྒྱུར་ཞེས་པ་དེ་མནན་ན་ཡོངས་སུ་འགྲུབ་ཚར་ངེས། 
ད་ནི་བརྗེ་སྒྱུར་བྱས་ཚར་བའི་ཡིག་ཆ་དེ་གང་དུ་ཡོད་དམ་ཞེ་ན། སྒྱུར་ཡིག་གི་ཡིག་ཆའི་
མིང་གསར་བ་བཏགས་ཡོད་པ་དེའི་ཁ་ཕྱེ་དང་མཐོང་ཐུབ།