ཨེ་མ་ཧོ་རིག་ལྡན་ལག་འཕྲིན་དུ་བོད་ཡིག་འཕྲིན་ཕྲན་སྤྱོད་ཆོག་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-19   རྩོམ་ཁུངས།    དོན་གྲུབ་ཀྱིས་བསྒྱུར།


བོད་ཡིག་ལྡན་པའི་འཕྲིན་ཕྲན།

         མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་འཕྲིན་ཕྲན་ནང་བོད་ཡིག་འཇུག་དགོས་པའི་ཆེད་དུ།   དམིགས་གསལ་དུ་རྒྱ་བོད་ལག་རྩལ་པ་མི་ལྔ་ལྷག་རྩ་འཛུགས་བྱས་ནསandroidའཕྲིན་ཕྲན་བོད་བསྒྱུར་ཚན་ཆུང་བཙུགས། གོ་རིམ་དེའི་ཁྲོད་དུ་འགྲོ་སྒོ་དམངས་སྒོར་ཁྲི3ལྷག་བཏང་བ་དང་། ལས་དོན་མི་སྣ་རྣམ་པས་སྔ་ལངས་འཕྱི་ཉལ་གྱིས་ཟླ་བ1ལྷག་ལ་འབད་བརྩོན་བྱས་ནས་ད་གཟོད་ལས་དོན་འདི་ལེགས་འགྲུབ་བྱུང་བ་རེད། 
        བཀོལ་སྤྱོད་བསྒྲིགས་རིམ་འདིའི་ནང་གི་མིང་བརྡ་ཚིག་གསུམ་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་བསྐྲུན་པའི《བོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོད》བཅས་ལ་གཞི་བཟུང་བ་ཡིན། བཀོལ་སྤྱོད་བསྒྲིགས་རིམ་འདི་དེང་སང་ཚོང་རར་བཀྲམ་པའི་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པའི་མ་ལག་ནང་དུ་སྒྲིག་འཇུག་བྱས་ཡོད།
གཤམ་དུ་པར་རིས་འགའ་བཀོད་རྒྱུ་ཡིན་པས་ལྟ་ཀློག་བྱེད་པར་དགའ་བསུ་ཞུ། 


འཕྲིན་ཕྲན་གྱི་དགའ་བསུ་ཞུ་ངོས།   

འཕྲིན་ཕྲན་གྱི་ཤོག་ངོས་དང་པོ། 


འཕྲིན་ཕྲན་གྱི་ཤོག་ངོས་གཉིས་པ། གྲོགས་པོ་དང་དྲྭ་གྲོགས་སོགས་ཀྱི་འཕྲིན་དེབ། 

འཕྲིན་ཕྲན་གྱི་ཤོག་ངོས་གསུམ་པ། འདི་ནས་གྲོགས་པོ་འཚོལ་བ་དང་
གྲོགས་པོའི་འཚོ་བའི་བདེ་སྐྱིད་མཉམ་རོལ་བྱེད་ཐུབ། 

འཕྲིན་ཕྲན་གྱི་ཤོག་ངོས་བཞི་བ། འདི་ནས་འཕྲིན་ཕྲན་སྒྲིག་འགོད་བྱེད་ཆོག 

གྲོགས་པོའི་རྒྱུ་ཆ་ཞིབ་རྒྱས་ནས་འདེམས་ཐོ་མནན་ན་
གྲོགས་པོའི་མིང་བྱང་སྒྲིག་འགོད་བྱེད་ཆོག 

འཕྲིན་ཕྲན་ནང་གི་བར་གཞུག་ཐམས་ཅད། 

འཕྲིན་དེབ་ཀྱི་བདེ་འཇགས་ལས་རོགས། འདི་ནས་ལག་འཕྲིན་གྱི་འཕྲིན་དེབ་ནང་གི་
འབྲེལ་གཏུག་མི་སྣ་རྣམས་དྲ་བའི་ཐོག་ཏུ་གྲབས་ཉར་བྱས་ཏེ་གལ་སྲིད་
སྟབས་མ་ལེགས་པས་ལག་འཕྲིན་བོར་ཤོར་ན་འབྲེལ་མི་འབོར་མི་སྲིད། 

འཕྲིན་ཕྲན་གྱི་སྐོར། འདི་ནས་པར་གཞི་དང་པར་དབང་། མ་ཚད་
ཨེ་མ་ཧོ་ཚན་རྩལ་གྱིས་བོད་ཡིག་ཏུ་བསྒྱུར་བ་མཐོང་ཐུབ། 

གཤམ་གྱི་དཔངས་ཞིང་ཨང་རྟགས་དེ་འཕྲིན་ཕྲན་གྱིས་བཤེར་ནས་ཨེ་མ་ཧོ་ལ་དོ་ཁུར་མཛད་རོགས། 

གཤམ་གྱི་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པའི་ནང་དུ་བོད་ཡིག་ལྡན་པའི་འཕྲིན་
ཕྲན་དང་བོད་ཡིག་ཅན་གྱི་སྙི་ཆས་དང་རོལ་རྩེད་འདྲ་མིན་མང་པོ་སྒྲིག་འཇུག་བྱས་ཡོད།