ཧྥོ་ཧྲན་ཤང་གིས་སློབ་ཡོན་མི་དགོས་པའི་སློབ་ན་མ་སོན་པའི་ཕྲུ་གུའི་འཛིན་གྲྭ་བཙུགས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་རྫོང་ཧྥོ་ཧྲན་ཤང་སྲིད་གཞུང་གིས་ཤང་རིམ་པའི་མཐོ་དམའ་གཉིས་ལྡན་སློབ་ཆུང་དུ་སློབ་ཡོན་མི་དགོས་པའི་སློབ་ན་མ་སོན་པའི་ཕྲུ་གུའི་འཛིན་གྲྭ་བཙུགས་ནས།ཟུར་འཇོག་བྱེད་པའི་སློབ་གྲྭར་བེད་སྤྱོད་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཕྲུ་གུ་ལ་སློབ་རོགས་བྱས་པ།
        ཤང་སྲིད་གཞུང་གིས་སྤྱི་ཚོགས་ལ་ཡོངས་གྲངས་ཀྱིས་དགེ་འོས་ལས་རིགས་ཀྱི་ཆེད་ལས་ནས་ཐོན་པ་དང་།ཉམས་མྱོང་ངེས་ཅན་ཞིག་ཡོད་པའི་དགེ་རྒན་2གདན་འདྲེན་ཞུས་ནས།ནན་ཏན་གྱིས་ལོ་ན་6ཡན་གྱི་ལོ་རན་བྱིས་པའི་སློབ་ཞུགས་ཀྱི་ཚད་ལྡན་ལ་གཞིགས་ནས།སློབ་ཞུགས་རང་འདོད་དང་།ཐེམ་ཐོ་ལ་བཀག་སྡོམ་མེད་པའི་རྩ་དོན་སྤྱད་དེ་སློབ་མ་སྡུད་པ།སློབ་མའི་བདེ་འཇགས་གནད་དོན་ལ་གཞིགས་ནས།ཐག་ཐང་གི་སློབ་མར་ཁྱིམ་བདག་གིས་དུས་ཐོག་ཏུ་བསུ་སྐྱེལ་བྱེད་པ་དང་།ཐག་རིང་སློབ་མའི་ཁྱིམ་བདག་བ་གྲྭར་སྡོད་ནས་སློབ་རོགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་དེ།སློབ་གྲྭས་གླ་ཡོན་མི་ལེན་པར་ཁྱིམ་བདག་ལ་ཞག་སྡོད་བཀོད་སྒྲིག་བྱས་པ་རེད།