ལུའོ་ཅི་སྤྱི་བདེ་མངག་གཏོང་ཁང་གིས་ཁྲིམས་སྐྱེལ་སློབ་གྲྭར་ཞུགས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་སྔོན།ལུའོ་ཅི་ཤང་སྤྱི་བདེ་མངག་གཏོང་ཁང་གི་ལས་བྱེད་མི་སྣ་ཤང་རིམ་པའི་མཐོ་དམའ་གཉིས་ལྡན་སློབ་ཆུང་དུ་བསྐྱོད་ནས་འཚོ་བ་དང་དབུགས་ལམ་གཅིག་འབྲེལ་ཡོད་པའི་མེ་འགོག་བདེ་འཇགས་རང་སྐྱོབ་ཀྱི་ཤེས་བྱ་དང་།བཟའ་བཅའི་བདེ་འཇགས་ཁྲིམས་ལུགས།འགྲིམ་འགྲུལ་གྱི་བདེ་འཇགས་ཁྲིམས་ལུགས།ལོ་ན་མ་སོན་པ་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་ཁྲིམས་སྲོལ་སོགས་དྲིལ་བསྒྲགས་བྱས་པ།དུས་མཚུངས་སུ་སློབ་གྲྭའི་དགེ་རྒན་དང་སློབ་མ་ཡིས་མེ་སྐྱོན་དུ་ཚེ་ཐར་ཐབས་ཀྱི་དངོས་སྦྱོང་བྱས་པ།སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་སློབ་མ་382ཞུགས་པ།
        བྱེད་སྒོའི་དམིགས་ཡུལ་ནི་དགེ་རྒན་དང་།སློབ་མ།ལས་བྱེད་མི་སྣའི་མེ་འགོག་དང་འགྲིམ་འགྲུལ།བཟའ་བཅའི་བདེ་འཇགས་འདུ་ཤེས་མཐོ་རུ་གཏོང་བ་དང་།བག་གཡེང་བསམ་བློ་སེལ་བ།སློབ་གྲྭའི་ནང་ཁུལ་གྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་པ་དང་རང་འགོག་རང་སྐྱོབ་ཀྱི་ནུས་ཤུགས་མཐོ་རུ་གཏོང་བ།སློབ་གྲྭའི་མེ་སྐྱོན་དང་།བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ།དགེ་རྒན་དང་སློབ་མའི་འགྲིམ་འགྲུལ་གྱི་འཆི་རྨས་བྱུང་བའི་བྱུར་རྐྱེན་བྱུང་ཚད་ལ་སྔོན་འགོག་དང་ཉུང་དུ་གཏོང་བ་རེད།
        དྲིལ་བསྒྲགས་འགྲེལ་བཤད་བརྒྱབ་པ་དང་།ཡུལ་དངོས་སུ་དངོས་སྦྱོང་བྱས་པར་བརྒྱུད་ནས།དགེ་རྒན་དང་སློབ་མ།ལས་བྱེད་པ་ཚང་མའི་བདེ་འཇགས་བག་ཟོན་འདུ་ཤེས་སྔར་ལས་ལྷག་པར་མཐོ་རུ་གཏོང་བ་རེད།