པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་འཛིན་རིན་གོང་ལེགས་སྒྲིག་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།   དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ཟླ 4 བ་ནས་འགོ་བརྩམས་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྒོ་འཛིན་གསར་བའི་རིན་གོང་སྤྱི་བསྒྲགས་བྱས་པའི་དུས་ཡུན་ལོངས་རྗེས།  ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་སྤྲོ་གསེང་གཏོང་བའི་སྒོ་འཛིན་རིན་གོང་ལེགས་སྒྲིག་བྱེད་པའི་སྐོར་གྱི་ཆོག་མཆན་གཞིར་བཟུང་ནས།   པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་སྤྲོ་གསེང་ལྟ་སྐོར་གཏོང་བའི་སྒོ་འཛིན་རིན་གོང་དེ་མི་ཐེངས་གཅིག་ལ་སྒོར 138 དུ་གཏོང་རྒྱུ་ཡིན་པ་དང་།  ལྟ་སྐོར་རླངས་འཁོར་གྱི་རིན་གོང་དེ་མི་ཐེངས་གཅིག་ལ་སྒོར120རུ་གཏོང་རྒྱུ་རེད།  
        རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཡུལ་སྐོར་སྤྲོ་གསེང་ས་ཚིགས་ཀྱི་སྒོ་འཛིན་རིན་གོང་གི་འབྲེལ་ཡོད་སྲིད་ཇུས་ལྟར།   པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ནན་ཏན་གྱིས་སྒོ་འཛིན་རིན་གོང་ཆག་ཡང་གཏོང་བའི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ནས།གཟུགས་པོའི་རིང་ཚད་སྨི 1.2 མན་དང་། ཡང་ན་ལོ 6 མན་གྱི་བྱིས་པ། ལོ་ན 70 ཡན་དང་།དམིགས་བསལ་གྱི་འཛིན་བྱང་ཡོད་པའི་ལོ་ལོན། ནུས་ཐོན་འཛིན་ཡིག་ཡོད་པའི་ལས་འཁྱུར་ངལ་གསོའི་ལས་བྱེད་པ།  དམག་མི།   དབང་བོ་སྐྱོན་ཅན་སོགས་ཀྱིས་སྒོ་འཛིན་གྱི་རིན་སྤྲོད་མི་དགོས་པར་བྱས་ཡོད།  དམག་ཁུལ་ནས་ངལ་གསོ་བྱས་པའི་ལས་བྱེད་པ་དང་། སློབ་མ།  ལོ18མན་གྱི་གཞོན་པ་རྣམས་ལ་རིན་གོང་ཕྱེད་ཀ་སོགས་རིན་གོང་ཆག་ཡང་གཏོང་རྒྱུ་རེད། 
        ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྒོ་འཛིན་གྱི་རིན་གོང་ལེགས་སྒྲིག་བྱས་རྗེས་སྔར་ལས་ལྷག་པར་དོ་དམ་ལ་ཤུགས་བསྣན་ནས།  སྒོ་འཛིན་གྱི་ཡོང་སྒོ་གཙོ་བོ་དེ་ལྗོངས་ཁུལ་གྱི་བདག་གཉེར་དོ་དམ་དང་། གསར་སྤེལ་དང་། འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་གཏོང་རྒྱུ་རེད། ལེགས་སྒྲིག་བྱས་རྗེས་ཀྱི་སྒོ་འཛིན་རིན་གོང་དང་གཟིགས་སྐྱོང་སྲིད་ཇུས་སོགས་སྤྱི་བསྒྲགས་བྱེད་རྒྱུ་རེད།