ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ཀྱི་ཞིབ་བཤེར་དཔྱད་ཞིབ་ཕྱོགས་ཡོངས་ནས་མཇུག་སྒྲིལ་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཁུལ་ཨུའི་དཔྱད་ཞིབ་ཚོ་ཆུང་གིས་རྫོང་གསུམ་(ཆུས)དང་ཁུལ་རིམ་པའི་ཐད་གཏོགས་སྡེ་ཁག་དང་ལས་ཁུངས་ཁྱོན་བསྡོམས་80ཡི་འགོ་ཁྲིད་ཚོ་ཆུང་དང་།འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་ལ་2012ལོའི་རུལ་སུངས་མ་ལག་ལ་ཉེས་ཆད་གཅོད་པ་དང་སྔོན་འགོག་བྱེད་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱེད་པའི་ལས་ཀའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་ཞིབ་བྱས་པ་རེད།
        ཞིབ་བཤེར་དཔྱད་ཞིབ་ཚོ་ཆུང་སོ་སོས “ལྟེ་གནས་ལ་དམིགས་པ་དང་།  སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།དངོས་ཐོག་བདེན་འཚོལ།ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་པ།དཔྱད་ཞིབ་ཚད་བསྡུར་དང་བསྟུན་པ།གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ།མཐུན་སྦྱོར་གོང་སྤེལ” གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས།ནན་པོའི་ངང་དངོས་ཡོད་ཀྱི་ཞིབ་བཤེར་དཔྱད་ཞིབ་ཀྱི་ལག་བསྟར་ཇུས་གཞི་གཏན་འཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་ཁུར་ལམ་ལུགས་ཀྱི་ཞིབ་བཤེར་དཔྱད་ཞིབ་ཕྱོགས་ཡོངས་ནས་མཇུག་སྒྲིལ་བ།
        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཁུལ་ཨུའི་དཔྱད་ཞིབ་ཚོ་ཆུང་གིས་རྫོང་གསུམ་(ཆུས)དང་ཁུལ་རིམ་པའི་ཐད་གཏོགས་སྡེ་ཁག་དང་ལས་ཁུངས་ཁྱོན་བསྡོམས་80ཡི་འགོ་ཁྲིད་ཚོ་ཆུང་དང་།འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་ལ་2012ལོའི་རུལ་སུངས་མ་ལག་ལ་ཉེས་ཆད་གཅོད་པ་དང་སྔོན་འགོག་བྱེད་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱེད་པའི་ལས་ཀའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་ཞིབ་བྱས་པ་རེད།
        ཞིབ་བཤེར་དཔྱད་ཞིབ་ཚོ་ཆུང་སོ་སོ “ལྟེ་གནས་ལ་དམིགས་པ་དང་།  སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།དངོས་ཐོག་བདེན་འཚོལ།ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་པ།དཔྱད་ཞིབ་ཚད་བསྡུར་དང་བསྟུན་པ།གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ།མཐུན་སྦྱོར་གོང་སྤེལ” གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས།ནན་པོའི་ངང་དངོས་ཡོད་ཀྱི་ཞིབ་བཤེར་དཔྱད་ཞིབ་ཀྱི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ།ནན་ཏན་གྱིས་དཔྱད་ཞིབ་ཀྱི་གོ་རིམ་ལ་གཞིགས་ནས།ཞིང་ཕྲའི་ངང་དུས་རིམ་རེ་རེའི་ལས་ཀ་བཀོད་སྒྲིག་བྱས་པས།ལས་ཀ་སོ་སོ་གོ་རིམ་ལྡན་པར་འགན་སྲུང་བྱས་ཤིང་།གཏན་འབེབས་བྱས་པའི་དུས་ཚོད་ནང་།རྣམ་པར་རྒྱལ་བའི་ངང་ཞིབ་བཤེར་དཔྱད་ཞིབ་ལས་ཀའི་ལས་འགན་སོ་སོ་ལེགས་འགྲུབ་བྱུང་བ་རེད།
       ཤེས་གསལ་བྱུང་དོན། 2012 ལོར།ཁུལ་ཡོངས་རིམ་པ་ཁག་གི་སྡེ་ཁག་སོ་སོའི་འགོ་ཁྲིད་ཚོ་ཆུང་དང་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀ་ལ་མཐོང་ཆེན་བྱས་པ་དང་།ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་པའི་འགན་ཁུར་ལམ་ལུགས་ལས་ཀ་དེ་རུལ་རྒོལ་གཙང་སྤེལ་ལས་ཀའི་སྣེ་ཁྲིད་ཀྱི་འགག་རྩར་བཟུང་ནས།འགན་ལེན་བྱེ་བྲག་བྱེད་པ་སྟེ།འགན་ལེན་དཔྱད་ཞིབ་བྱེད་པ།འགན་ལེན་རྩད་གཅོད་བྱེད་པ་དང་འགག་རྩ་སྣ་གསུམ་ལ་དམ་འཛིན་བྱས།ཁུལ་རིམ་པའི་ལས་ཁུངས (སྡེ་ཁག) སོ་སོ་ཡིས་གཙོ་འགན་འཁུར་མཁན་གྱིས་ཙུའུ་ཀྲང་འཛིན་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གྲུབ་པ།རྫོང་ (ཆུས) དང་ཤང་ (གྲོང་རྡལ) གི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་འཛིན་པ།འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་ཁུར་བས་བཙུགས་པའི་རྫོང་དང་ཤང་ (གྲོང་རྡལ) གི་གྲོང་གསེབ་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགོ་ཁྲིད་ཚོ་ཆུང་དང་གཞུང་ལས་ཁང་བཙུགས་པ། 2012 ལོའི་ལོ་འཁོར་དུ་རྫོང་སོ་སོའི་རྫོང་ཨུའི་རྒྱུན་ཨུ་ཡིས་རུ་ཁག་སྣེ་ཁྲིད་བྱས་ནས་གཅིག་བསྡུས་ཀྱིས་ཞིབ་བཤེར་དཔྱད་ཞིབ་བྱས་པ།ལོ་ཡོངས་ནས་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གིས་ཁོངས་གཏོགས་ལས་ཁུངས་དང་སྡེ་ཁག  གཞི་རིམ་གྱི་ཏང་རྩ་འཛུགས།ཁེ་ལས།བྱ་གཞག་སྡེ་ཁག་སོགས་དང་མཉམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་འཁྲིའི་ཡིག་ཆ་307འཇོག་ནས།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་ཁུར་ལམ་ལུགས་སྔར་ལས་ལྷག་པར་དོན་འཁྱོལ་བྱས་པ་རེད།