རང་ཁུལ་གྱིས་འཁོར་སྐར་རྒྱང་བསྒྲགས་བརྙན་འཕྲིན་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ལ་ཆེད་གཉེར་རྣམ་གྲངས་ཀྱི་སྒྲིག་བཅོས་བྱས་པ།

རྩོམ་པ་པོ།   མེད།   ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཟླ 3 ་ཚེས 12 ཉིན།ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས།ཁུལ་རིག་གནས་གསར་འགྱུར་དཔེ་སྐྲུན་པར་དབང་ཅུས།ཁུལ་སྤྱི་བདེ་ཅུས།ཁུལ་བཟོ་ཚོང་ཅུས།ཁུལ་དང་རྫོང་གི་རིག་གནས་ཁྲིམས་འཛིན་རུ་ཆེན་སོགས་ཁོངས་མིའི་སྡེ་ཁག་གིས་མཉམ་འབྲེལ་ཐོག་སྤེལ་བའི་འཁོར་སྐར་རྒྱང་བསྒྲགས་བརྙན་འཕྲིན་གྱི་བརྡ་རྟགས་བསྡུ་ལེན་ས་ངོས་སྒྲིག་ཆས་ཁྲིམས་དང་མི་མཐུན་པར་ཐོན་སྐྱེད་དང་ཕྱིར་འཚོང་།སྒྲིག་སྦྱོར།བེད་སྤྱོད་བྱེད་པའི་ཆེད་གཉེར་རྣམ་གྲངས་ཀྱི་སྒྲིག་བཅོས་བྱེད་སྒོ་སྤེལ་ནས།སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་འབྲེལ་ཡོད་ཕྱིར་འཚོང་ཁང་དང་ཕྱིར་ཕྱོགས་ལ་འབྲེལ་ཡོད་སྐར་མ་རིམ་པའི་མགྲོན་ཁང་གི་སྐུད་ཡོད་བརྙན་འཕྲིན་ལ་ཞིབ་བཤེར་བྱས་པ་རེད།
        ཆེད་གཉེར་རྣམ་གྲངས་བྱེད་སྒོའི་ཚོ་ཆུང་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་འབྲེལ་ཡོད་ཕྱིར་ཚོང་ཁང་ 10 ལྷག་ལ་བསྐྱོད་ནས་ཞིབ་བཤེར་བྱས་ཤིང་།ཕྱིར་འཚོང་ཁང་རེ་རེ་བཞིན་ཞིབ་ཚགས་ཀྱིས་བདག་གཉེར་ལག་ཁྱེར་ཐོ་འགོད་བྱས་པ་དང་འབྲེལ་ཡོད་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ།ད་དུང་ཁྲིམས་དང་མི་མཐུན་པའི་འཁོར་སྐར་རྒྱང་བསྒྲགས་བརྙན་འཕྲིན་གྱི་བརྡ་རྟགས་བསྡུ་ལེན་སྒྲིག་ཆས་ཕྱིར་འཚོང་བར་བཀག་སྡོམ་བྱེད་རྒྱུའི་བླང་བྱ་བཏོན་པས།བདག་གཉེར་བས་གཅིག་རྗེས་གཉིས་མཐུད་ཀྱིས་ཁྲིམས་དང་མཐུན་པས་བདག་གཉེར་བྱེད་རྒྱུའི་ཁས་ལེན་པ་རེད།
        ཆེད་གཉེར་རྣམ་གྲངས་བྱེད་སྒོའི་ཚོ་ཆུང་གིས་ད་དུང་ལུང་ཧྥེང་ཞང་མགྲོན་ཁང་དང་ཧྲི་ལི་མགྲོན་ཁང་།ལྷ་ཡུལ་ཞིང་མཆོག་མགྲོན་ཁང་།རྡོ་རྗེ་འགྱུར་མེད་མགྲོན་ཁང་སོགས་ཕྱིར་འབྲེལ་སྐར་མ་རིམ་པའི་མགྲོན་ཁང་གི་སྐུད་ཡོད་བརྙན་འཕྲིན་ལ་ཞིབ་བཤེར་བྱས་པས།ཁྲིམས་ལུགས་དང་མི་མཐུན་པའི་དོགས་གནད་མཐོང་མེད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན།ཆེད་གཉེར་རྣམ་གྲངས་བྱེད་སྒོའི་ཚོ་ཆུང་གིས་ཁྲིམས་འཛིན་གྱི་སྐོར་ཞིབ་ཤུགས་ཚད་ཆེ་རུ་བཏང་ནས།རྒྱ་ཆེ་བའི་མང་ཚོགས་ལ་དགེ་མཚན་ལྡན་ཞིང་ཡང་དག་པའི་བསྡུ་ལེན་ཁོར་ཡུག་ཅིག་གཏོད་རྒྱུ་དང་།ཚོགས་ཆེན་གཉིས་བདེ་བླག་ངང་འཚོགས་པར་རིག་གནས་ཀྱི་ངང་ཚུལ་ཡག་པོ་ཞིག་བསྐྲུན་རྒྱུ་ཡིན་ཞིང་།དུས་མཚུངས་སུ།སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ།མི་སྒེར་གྱིས་རང་རྟོགས་ཀྱིས་ཁྲིམས་དང་མཐུན་པའི་ངང་ཡང་དག་པ་དང་བདེ་འཇགས་ཡིན་པའི་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་ལྟ་ཉན་བྱེད་རྒྱུའི་རེ་བའང་བཏོན་པ་རེད།