སེམས་ཀྱི་ཉི་ཟླ་རྫོང་གི་མུའུ་ཁྲི་བཞིའི་ལོ་ཏོག་ལ་ཐན་སྐྱོན་ཐེབས་པ།

རྩོམ་པ་པོ།   ཆོས་ལྡན་གྱིས་བསྒྱུར་ཞིང་ཞུས།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།གསར་འགོད་པས་སེམས་ཀྱི་ཉི་ཟླ་རྫོང་ཆུ་སྐྱོན་དང་ཐན་སྐྱོན་སྔོན་འགོག་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན།ན་ནིང་གི་དགུན་ཁ་དང་ད་ལོའི་དཔྱིད་ཀའི་ཚུན་ལ།སེམས་ཀྱི་ཉི་ཟླ་རྫོང་ཁོངས་ནང་དུ་ཆར་ཆུ་བབས་ཚད་ཉུང་ཞིང་བསྟུད་མར་ཐན་སྐྱོན་ཐེབས་པ་རེད།བསྡོམས་རྩིས་ལྟར་ན།མིག་སྔའི་བར་དུ།རྫོང་ཡོངས་ཀྱི་ལོ་ཏོག་ལ་ཐན་སྐྱོན་ཐེབས་ཚད་མུའུ་41639ཟིན་ཡོད།དེའི་ནང་ལས་ཐན་སྐྱོན་ཅུང་ཐེབས་ཆུང་བའི་ཞིང་ཁ་མུའུ་23590ཡོད་ལ།ཐན་སྐྱོན་ཆེན་པོ་ཐེབས་པའི་ཞིང་ཁ་མུའུ་12420ཡོད་པ།ལོ་ཏོག་སྐམ་ཚར་བའི་ཞིང་ཁ་མུའུ་5629བཅས་ཡོད་པ་རེད།
       ཐན་སྐྱོན་ཐེབས་པའི་གནས་ཚུལ་ལ་གཞིགས་ནས།སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ།དུས་ཐོག་ཏུ་གྲོས་ཚོགས་བསྡུས་ནས་ཐན་སྐྱོན་འགོག་རྒྱུ་དང་དཔྱིད་འདེབས་དཔྱིད་རྨོའི་ལས་ཀ་དེ་མིག་སྔའི་ཆེས་གལ་ཆེའི་ལས་ཀར་འཛིན་ཏེ་དམ་འཛིན་བྱས་ཤིང་གྲོང་ཁྱེར་དང་གྲོང་རྡལ།གྲོང་གསེབ་ཀྱི་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་དེ་ཐན་སྐྱོན་འགོག་པའི་ལས་ཀའི་གཙོ་བོར་བཞག་པ་རེད།སྡེ་ཁག་སོ་སོ་ནས་ད་ཡོད་ཀྱི་ཐན་སྐྱོན་འགོག་པའི་ཆུ་ཁུངས་ཀྱིས་རྨང་གཞིར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུའི་འདོན་སྤྱོད་འཆར་གཞི་བཟོས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུའི་འདོན་སྤྱོད་བདེ་ཐང་འགན་འཁྲི་གསལ་པོ་བྱས་ཤིང་དགོས་མཁོ་མྱུར་སྒྲུབ་ཀྱི་ཆུའི་འདོན་སྤྱོད་བྱ་ཐབས་ཞིབ་ཕྲར་བཟོས་པ་དང་ལག་བསྟར་བྱས།དུས་མཚུངས་སུ།སེམས་ཀྱི་ཉི་ཟླ་རྫོང་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ལ་ཡང་བསྐྱར་ཕུགས་ལོན་ཐབས་དང་ཡང་བསྐྱར་གྲལ་བཤེར་བྱས་པ་དང་།ཆེད་གཉེར་མི་སྣ་མངགས་ནས་རྗེས་སྙེག་དང་ལྟ་ཞིབ་ཚད་ལེན་བྱས་ཏེ་དུས་ཐོག་ཏུ་ཐན་སྐྱོན་གྱི་གནས་ཚུལ་གོང་ལ་འབུལ་བ་རེད།ཐན་སྐྱོན་ཐེབས་ཚད་ཚབས་ཆེན་ཡིན་པའི་ས་ཆར།མང་ཚོགས་སྒྲིག་འཛུགས་བྱས་ནས་ཐན་སྐྱོན་ལ་འགོག་དུ་བཅུག་པ་དང་བྱ་ཐབས་སྣ་མང་སྤེལ་ནས་ཐབས་བརྒྱ་ཇུས་སྟོང་གིས་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐབས་བྱས།ཆུ་ཁུངས་ཁག་ཐེག་བྱས་པ་དང་ཆུའི་འབོར་ཚད་འདང་ངེས་ཡིན་པའི་ས་ཆར་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ནུས་ལྡན་གྱི་བྱ་ཐབས་སྣ་ཚོགས་སྤྱད་ནས་དུས་ཐོག་ཏུ་ཞིང་ཁར་ཆུ་གཏོང་སྟེ་མྱུ་གུ་གསོ་ཐབས་བྱས་ནས།དཔྱིད་སྨིན་ལོ་ཏོག་གི་གྱོ ང་གུན་ཇེ་ཉུང་དུ་གཏོང་ཐབས་བྱས།ཡོང་འབབ་རྦད་དེ་མི་རག་པའི་ཞིང་ཁར་དུས་ཐོག་ཏུ་དཔྱིད་འདེབས་ལོ་ཏོག་འདེབས་ནས་དཔྱིད་སྨིན་ལོ་ཏོག་གི་གྱོ ང་གུན་དེ་དཔྱིད་འདེབས་ལོ་ཏོག་གིས་གསབ་ཐབས་བྱས་པ་རེད།