སེམས་ཀྱི་ཉི་ཟླ་རྫོང་གིས་རྣམ་གྲངས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ལོ་གསར་གྱི་ཚུན་དུ། སེམས་ཀྱི་ཉི་ཟླ་རྫོང་གི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་གནས་ཁག་ཏུ་བྲེལ་བ་ཆེ་བའི་ངང་ལས་འགོ་རྩོམ་བཞིན་ཡོད།   འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།   ད་ལོར་སེམས་ཀྱི་ཉི་ཟླ་རྫོང་ལ་གསར་འཛུགས་རྣམ་གྲངས་ཁག 100 ཡོད་པ་དང་།  མུ་མཐུད་ནས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁག 47 ཡོད་ལ།  འཆར་འགོད་བྱས་ན་མ་དངུལ་སྒོར་དུང་ཕྱུར 98 གཏོང་རྒྱུ་རེད།   དཔལ་འབྱོར་དམིགས་འབེན་གྱི་འོས་འགན་ཁག་བདེ་བླག་ངང་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་ཆེད།  སེམས་ཀྱི་ཉི་ཟླ་རྫོང་གིས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོ གས་སུ་བཏང་བ་དང་།  རྣམ་གྲངས་སྐུལ་སྤེལ་སྒྲིག་སྲོལ་དང་ཚད་སྙོམས་རྟག་དཔྱད་སྒྲིག་སྲོལ་ཇེ་དྲག་ཏུ་བཏང་ནས།  ནན་ཏན་གྱིས་གཏན་འཇགས་རྒྱུ་ནོར་གྱི་མ་རྩ་གཏོང་བ་དང་།  གལ་ཆེའི་རྣམ་གྲངས་སྙོམས་སྒྲིག་སྒྲིག་སྲོལ་དང་།   མ་དངུལ་གཏོང་བའི་སྤེལ་ཚད་ཀྱི་ཕྱིར་ལྡོག་སྒྲིག་སྲོལ་སོགས་དོན་འཁྱོལ་བཏང་ནས།   ཤུགས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་བྱས།  མ་དངུལ་གྱི་རྩ་བའི་གནད་དོན་སེལ་ནས།  སེམས་ཀྱི་ཉི་ཟླ་རྫོང་གིས་སྲོལ་རྒྱུན་གྱི་ཕུལ་བྱུང་ཐོན་ལས་དང་ཁྱད་ལྡན་ཐོན་ལས་དང་བསྟུན་ནས།   རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་ལེགས་པར་སྤྱོད་ཅིང་།   དེ་དང་ལྷན་དུ་ཐོན་ལས་མ་རྩ་གཏོང་ཚད་ཀྱིས་གཏན་འཇགས་རྒྱུ་ནོར་ཚང་མའི་མ་དངུལ་གཏོང་བའི་བསྡུར་ཚད་ཇེ་མཐོར་བཏང་བ་རེད།  ད་ལོར་ཚོང་འགུག་རྣམ་གྲངས་དང་ཁེ་ལས་ལ་མ་རྩ་གཏོང་བའི་འཆར་འགོད་ནང་སྒོར་དུང་ཕྱུར 77 ཟིན།  དམིགས་འབེན་འདི་མངོན་འགྱུར་བྱུང་ཆེད།  སེམས་ཀྱི་ཉི་ཟླ་རྫོང་གིས་སྔར་ལས་ལྷག་པར་ཚོང་འགུག་དངུལ་འདྲེན་གྱི་ཁ་གཏད་རང་བཞིན་དང་།   རང་འགུལ་རང་བཞིན།  དངོས་ཕན་རང་བཞིན་ཇེ་དྲག་ཏུ་བཏང་ནས།  རྣམ་གྲངས་ཀྱི་ཁྱབ་ཚད་དང་།  དོན་ཐོག་ཏུ་འབྱོར་ཚད།   མ་རྩ་གཏོང་ཚད་སོགས་མཐོ་རུ་བཏང་བ་རེད།  དེ་དང་ཆབས་ཅིག   རྣམ་གྲངས་ཀྱི་རྩིས་ཞིབ་ཆོག་མཆན་དང་། སུ་འཇོན་དེ་འགུག  ལས་གྲྭའི་ཇུས་འགོད་སོགས་ལས་ཀ་ལེགས་པར་བསྒྲུབས་ནས།  དུས་ཚིགས་རེ་རེར་གཅིག་བསྡུས་ཀྱིས་རྣམ་གྲངས་ལ་མིང་ཐོ་འགོད་རྒྱུ་ཡོད་པ་དང་།  ལས་འགོ་རྩོམ་རྒྱུ་ཡོད་པར་བརྩོན་ལེན་བྱས།  
       ལོ་གསར་བསྐྱལ་མ་ཐག    སེམས་ཀྱི་ཉི་ཟླ་རྫོང་རིམ་པ་ཁག་གི་སྡེ་ཁག་སོ་སོའི་འགན་འཁུར་བ་རང་ས་ནས་ཁེ་ལས་ཁག་ཏུ་བསྐྱོད་དེ།   ནུས་པ་གང་ཡོད་ཀྱིས་རྣམ་གྲངས་ཀྱི་སྐུལ་སྤེལ་དང་།  ཁེ་ལས་ཀྱི་ཐོན་སྐྱེད་ཁྲོད་པའི་དངོས་གཞིའི་གནད་དོན་ཐག་བཅད་པ་རེད།