ཡང་ཐང་གྲོང་རྡལ་གྱིས་འབྲི་གཡག་གསོ་སྤེལ་ལག་རྩལ་གྱི་གསོ་སྦྱོང་སྤེལ་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཡང་ཐང་གྲོང་རྡལ་གྱིས་འབྲི་གཡག་གསོ་སྤེལ་ལག་རྩལ་གྱི་གསོ་སྦྱོང་སྤེལ་བ།གསོ་སྦྱོང་ནི་ཁུལ་ཚན་རྩལ་མཐུན་ཚོགས་དང་།ཞིང་ལས་ཡིག་སྤྲིངས་སློབ་ཆེན།ཡང་ཐང་ཞིང་ལས་ཚན་རིག་ས་ཚིགས།ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་སྡེའི་འབྲི་གཡག་གསོ་སྤེལ་མཐུན་ཚོགས་ཀྱིས་མཉམ་དུ་སྤེལ་བ་རེད།
       གསོ་སྦྱོང་བྱེད་མཁན་དགེ་རྒན་གྱིས་ཕྱུགས་འཚོ་བ་དང་ཕྱུགས་གསོ་བ་སོགས་ཀྱི་ཐད་དུ་འགྲེལ་བཤད་བརྒྱབ་པ།གསོ་སྦྱོང་དུ་ཞུགས་པའི་ཡུལ་མི་ནན་ཏན་གྱིས་སློབ་ཁྲིད་ཉན་པ་དང་།ཡུལ་དངོས་ལ་དགེ་རྒན་དང་མཉམ་དུ་ཕྱུགས་གསོ་བའི་ཐབས་ལམ་དཔྱད་བསྡུར་བྱས་པ།སློབ་ཁྲིད་བྱེད་མཁན་དགེ་རྒན་གྱིས་གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ་ལན་བཏབ་ནས།ཡུལ་མིའི་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་པར་དགའ་སྣང་བྱུང་ཚད་མཐོ་རུ་བཏང་བ་དང་།ཚན་རིག་དང་མཐུན་པའི་ཕྱུགས་གསོ་བའི་ཤེས་བྱ་འང་ཕུན་སུམ་ཇེ་ཚོགས་སུ་བཏང་བ།ཐེངས་འདིའི་གསོ་སྦྱོང་དུ་བསྡོམས་པས་མི་ 62 ཞུགས་ཡོད་དེ།གསོ་སྦྱོང་དུ་ཞུགས་པའི་སློབ་མ་ལ་ 《འབྲི་གཡག་གི་ཐོན་སྐྱེད་ལག་རྩལ》 དང་། 《ཕྱུགས་གསོའི་དངོས་སྤྱོད་ལག་རྩལ》 ཏེ་དངོས་སྤྱོད་རྣམ་པའི་གསོ་སྤེལ་ལག་དེབ་གཉིས་བཏང་བ་རེད།