གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་དོན་རུ་ཁག་གི་རུ་མི་11ཞིང་ཆེན་རིམ་པའི་གཟེངས་བསྟོད་མིང་ཐོ་རུ་ཞུགས་ཡོད་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 《ཡུན་ནན་ཞིང་ཆེན་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་དོན་རུ་ཁག་དང་ཁྲིད་སྟོན་པའི་དོ་དམ་བྱ་ཐབས》 ལ་གཞིགས་ནས། ཞིང་ཆེན་ཡོངས་ཀྱིས་འབོར་ཐེངས་དྲུག་པའི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་དོན་རུ་ཁག་གི་ཕུལ་དུ་བྱུང་བའི་སྤྱི་ཁྱབ་རུ་དཔོན་དང་། ཕུལ་དུ་བྱུང་བའི་རུ་དཔོན། ཕུལ་དུ་བྱུང་བའི་རུ་མི། ཕུལ་དུ་བྱུང་བའི་རྒྱུན་ལས་ཧྲུའུ་ཅི་བསྡོམས་ནས་མི 498 ལ་གཟེངས་བསྟོད་བྱ་རྒྱུ། རང་ཁུལ་གྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལས་དོན་རུ་ཁག་གི་རུ་མི་ 11 ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཟེངས་བསྟོད་མིང་ཐོར་ཞུགས་ཡོད། 
       ཕུལ་དུ་བྱུང་བའི་སྤྱི་ཁྱབ་རུ་དཔོན་ནི་ཞིང་ཆེན་གཞུང་ལམ་ཅུས་ཀྱི་བདེ་ཆེན་རྫོང་དུ་བཅའ་སྡོད་ཞུང་ཡུན་ཁུན་ཡིན་པ་དང་། ཕུལ་དུ་བྱུང་བའི་རུ་དཔོན་ནི་འབའ་ལུང་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱི་ཡེ་ཀྲི་གྲོང་རྡལ་དུ་བཅའ་སྡོད་དབྱང་ཧྲི་ཧུང་ཡིན་པ། ཕུལ་དུ་བྱུང་བའི་རུ་མི་ནི་ཤར་ཕྱོགས་གནམ་འགྲུལ་ཀུང་སིའི་སེམས་ཀྱི་ཉི་ཟླ་རྫོང་དུ་བཅའ་སྡོད་ཀའོ་ཞའོ་ཧུའུ་དང་། ཁུལ་བཟའ་ཆས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་སེམས་ཀྱི་ཉི་ཟླ་རྫོང་ཡང་ཐང་གྲོང་རྡལ་ལན་ཧོ་གྲོང་དུ་བཅའ་སྡོད་ལུའོ་ཞའོ་ཕུའུ། ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་བདེ་ཆེན་རྫོང་ཧྥུའུ་ཧྲན་ཤང་ལིའུ་ཐུང་ཅང་གྲོང་དུ་བཅའ་སྡོད་ལི་ཧྥེང་ཙུའོ། བདེ་ཆེན་རྫོང་མི་གྲངས་དང་འཆར་ལྡན་བུ་བཙའི་ཅུས་ཀྱི་བྲག་ཞབས་ཤང་མཚེའུ་ཁ་ཐང་གྲོང་དུ་བཅའ་སྡོད་ལི་ཧུང་མའེ། འབའ་ལུང་རྫོང་གསར་གཏོད་དངུལ་འཇོག་ཀུང་སིའི་པའོ་ཧོ་གྲོང་རྡལ་ལན་ཡུང་གྲོང་དུ་བཅའ་སྡོད་དབྱང་ཧྲུའུ་ཀང་། ཁུལ་སྲིད་གཞུང་ཞིབ་འཇུག་ཁང་གི་འབའ་ལུང་རྫོང་ཡུང་ཁྲུན་ཤང་ཐུའོ་ཀྲི་གྲོང་དུ་བཅའ་སྡོད་ལི་མིན་བཅས་ཡིན་པ། ཕུལ་དུ་བྱུང་བའི་རྒྱུན་ལས་ཧྲུའུ་ཅི་ནི་བདེ་ཆེན་ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་སེམས་ཀྱི་ཉི་ཟླ་རྫོང་ཧ་པ་གྲོང་གི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་རུ་བཅའ་སྡོད་དབྱིན་ཀྲུའུ་ཧུང་དང་། བདེ་ཆེན་རྫོང་བསྡོམས་རྩིས་ཅུས་ཀྱི་ཧྥུའུ་ཧྲན་ཤང་དཔག་སྨད་གྲོང་ཏང་གི་སྤྱི་ཁྱབ་ཀྲི་པུའུ་རུ་བཅའ་སྡོད་རྒྱ་མཚོ། འབའ་ལུང་རྫོང་རྩིས་བཤེར་ཅུས་ཀྱི་ཕན་ཐན་སྒང་ཤང་ཁྲ་ཀྲི་ལུའོ་གྲོང་ཏང་གི་སྤྱི་ཁྱབ་ཀྲི་པུའུ་རུ་བཅའ་སྡོད་ཧོ་ཀོང་ཧུའེ་བཅས་ཡིན་པ་རེད།