གྲོང་གསེབ་གསར་པའི་མཉམ་ལས་སྨན་བཅོས་སུ་ཞུགས་ཚད་98.47%ཟིན་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།མིག་སྔར།གསར་འགྱུར་བས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་དོན།ཟླ 3 ཚེས 1 ཉིན་བར་དུ།རང་ཁུལ་ 2013 ལོའི་རྣམ་པ་གསར་པའི་གྲོང་གསེབ་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་གྲ་སྒྲིག་ལས་ཀ་ཡོངས་སུ་སྒྲུབ་ཚར་ཏེ།མཉམ་ལས་སྨན་བཅོས་སུ་ཞུགས་ཚད་ 98.47% ཟིན་ཡོད།མི་རེའི་ཆ་སྙོམས་མ་དངུལ་གྲ་སྒྲིག་ཚད་གཞི་ནི་སྔ་ལོའི་སྒོར་ 290 ནས་མཐོར་འཕར་ཏེ་སྒོར་ 340 ཟིན་ཡོད།དེའི་ནང་དུ།ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་སྒོར་ 280 ཡོད་ལ།མི་སྒེར་གྱིས་སྒོར་60སྤྲོད་ཡོད།སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་ལ་མི་སྒེར་གྱི་མ་དངུལ་གྲ་སྒྲིག་ཆ་ཤས་དེ་དམངས་སྲིད་ཅུས་དང་འཆར་ལྡན་བུ་བཙའི་ཨུས་ཁྱོན་ཡོངས་ནས་ཚབ་སྤྲོད་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།
        ཤེས་གསལ་བྱུང་དོན།རང་ཁུལ་གྱིས་བསྟུད་མར་ལོ་ངོ་3ལ་རྣམ་པ་གསར་པའི་གྲོང་གསེབ་མཉམ་ལས་སྨན་བཅོས་ཀྱི་མི་རེའི་མ་དངུལ་གྲ་སྒྲིག་ཚད་གཞི་མཐོ་རུ་འཕར་ཡོད་དེ།2011ལོའི་མི་རེའི་ཆ་སྙོམས་སྒོར་230དང་2012ལོའི་མི་རེའི་ཆ་སྙོམས་སྒོར་290ནས་མཐོར་འཕར་ཏེ།2013ལོའི་མི་རེའི་ཆ་སྙོམས་སྒོར་340ཟིན་ཡོད།