མི་རིགས་མང་བོའི་ཚད་ལྡན་ཡིག་ཆའི་མཐོང་ལམ་རིང་བོའི་ཁྲོད་ཀྱི་འཇང་རིགས་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ས་དམ་ནས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-18   རྩོམ་ཁུངས།   

        ཟླ་11པའི་ཚེས་15ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གིས་གཙོ་བསྒྲུབ་གནང་ཤིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་དམིགས་གསལ་བསླབ་གཞི་སྟེ་འཇང་གི་གཏོ་པའི་ཡི་གེ་ཞིབ་འཇུག་ཚན་ཁག་གིས་འགན་བསྒྲུབ་གནང་བའི་མི་རིགས་མང་བོའི་ཚད་ལྡན་ཡིག་ཆའི་མཐོང་ལམ་རིང་བོའི་ཁྲོད་ཀྱི་འཇང་རིགས་དང་བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ས་དམ་ནས་བསྡུས་པ་རེད། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ས་ཁུལ་20ལྷག་གི་ཆེད་མཁས་པ་དང་མཁས་པ་མང་བོ་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་ལ། མཉམ་གཅིག་ཏུ་འཇང་རིགས་ཀྱི་རིག་གནས་དང་བོད་ཀྱི་ལོ་རྒྱུས་རིག་གནས་བར་ཀྱི་འབྲེལ་བར་བགྲོ་གླེང་བྱས་ཤིང་། སྔར་ལས་ལྷག་པར་རིག་གནས་ཕན་ཚུན་གྱི་འབྲེལ་བ་གཏིང་ཟབ་པའི་མི་རིགས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།






      བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པའི་ཆེད་མཁས་པ་19ཡིས་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་གནང་པ་རེད།



      ཆེད་མཁས་དང་མཁས་པ་རྣམས་ཀྱིས་ལི་ས་དམ་གནའ་གྲོང་དངོས་མང་བཤམས་སྟོན་ཁང་གི་(木府)《མུའུ་ཧྥུའི་དྲག་རླབས་》ཞེས་པའི་གློག་བརྙན་གྱི་བརྙན་ཕབ་ཡུལ་དངོས་དང་ས་དམ་《བཀའ་འགྱུར་》དཔེ་ཁང་། གཏོ་པའི་རིག་གནས་དངོས་མང་བཤམས་སྟོན་ཁང་། གནད་ཆེའི་རྟོག་ཞིབ་ས་གནས་ས་དམ་ཀོ་ཙི་གནའ་བོའི་བོད་ཡིག་རྡོ་རིང་(吐蕃丽江格子古藏文石碑)དང་། དེ་མིན་འཇང་རིགས་ཀྱི་བོད་དང་འབྲེལ་བ་ཡོད་པའི་རིག་རྫས་སོགས་ལ་བརྟག་ཞིབ་བྱས་པ་རེད། ས་དམ་ཀོ་ཙི་གནའ་བོའི་བོད་ཡིག་རྡོ་རིང་ནི་ཐེངས་འདིའི་བགྲོ་གླེང་གི་གླེང་གཞི་གཙོ་བོ་ཡིན་ལ། ཆེད་མཁས་པ་འགའ་ཐེངས་འདིའི་གྲོས་ཚོགས་གྲོལ་རྗེས་འབྲི་ཆུའི་འགྲམ་རྒྱུད་ཀྱི་ཀོ་ཙི་གྲོང་ཚོར་སོང་ནས་ཡུལ་དངོས་བརྟག་ཞིབ་གནང་ནས་སྔར་ལས་ལྷག་པར་ནན་ཀྲོ་རྒྱལ་ཁབ་(南诏国འཇང་)དང་བོད་ཀྱི་ལོ་རྒྱུས་རིག་གནས་བར་གྱི་འབྲེལ་བར་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།





       འཇང་བོད་དངོས་མང་བཤམས་སྟོན་ཁང་ལ་རིག་གཞུང་ལྟ་སྐོར་བྱེད་པའི་སྐབས་སུ་ཆེད་མཁས་པ་འགའ་རེས་ཡིག་གཟུགས་བརྩམས་ཆོས་དྲན་རྟེན་དུ་བཞག་ལ། ཆེད་མཁས་པ་ཁག་གཅིག་དངོས་མང་བཤམས་སྟོན་ཁང་གི་ཞིབ་འཇུག་མི་སྣར་གདན་འདྲེན་ཞུས་པ་རེད།