ཀི་ལི་ཀྲའོ་ཚོ་ཆུང་གི་ཁ་ཆེ་གུར་གུམ་རྟེན་གཞིའི་ནང་དུ་གུར་གུམ་ལ་མེ་ཏོག་རྣམ་པར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-11-11   རྩོམ་ཁུངས།   

    མིག་སྔར།བདེ་ཆེན་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་ཚོ་ཀི་ལི་ཀྲའོ་ཚོ་ཆུང་གི་ཁ་ཆེ་གུར་གུམ་རྟེན་གཞིའི་ནང་དུ་གུར་གུམ་ལ་མེ་ཏོག་རྣམ་པར་བཞད་པ་དང་།  ད་ལོར་ཁ་ཆེ་གུར་གུམ་གྱི་སྐྱེས་སྟོབས་བཟང་ཞིང་།    འདེབས་འཛུགས་བྱེད་མཁན་གྱི་ཞིང་པ་ཁ་ཆེ་གུར་གུམ་བརྔ་བསྡུ་བྱེད་པའི་ལས་ལ་བྲེལ་བཞིན་ཡོད།     ཀི་ལི་ཀྲའོ་ཚོ་ཚུང་གིས་མིག་སྔར་མུའུ150ལྷག་ལ་ཁ་ཆེ་གུར་གུམ་བཏབ་ཡོད་ཅིང་།   འདེབས་མཁན་དུད་ཁྱིམ100ལྷག་ཡོད།   མུའུ་གཅིག་ལ་ཁ་ཆེ་གུར་གུམ་བཏབ་ན་ཡོང་སྒོ་ཁྲི1.5ཡས་མས་འཚོལ་ཐུབ་ཀྱི་ཡོད།