མི་རིགས་མཐུན་སྒྲིལ་ཆེན་མོ་བརྗོད་བྱ་ཡིན་པའི་རིག་རྩལ་སྤྲོ་ཚོགས་མཚོ་ནུབ་ཁུལ་ནས་མཇུག་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-10-29   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


        སྤྱི་ཟླ10བའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་ཞིང་།དོན་བསོད་གློག་བརྙན་འཕྲིན་རིག་གནས་སྨྱན་སྦྱོར་ལས་དོན་ཁང་དང་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་སམ་བྷོ་ཊ་བོད་སྐད་ཡིག་མཐུན་ཚོགས་གཉིས་ཀྱིས་འགན་སྒྲུབ་གནང་བའི2018ལོའི་མི་རིགས་མཐུན་སྒྲིལ་ཆེན་མོ།ལྷན་འཛོམས་ཚྭ་འདམ་གཞོང་ཅེས་པའི་རིག་རྩལ་སྤྲོ་ཚོགས་ཏེ་མཚོ་ནུབ་ཁུལ་ན་གཞོན་བྱ་འགུལ་ལྟེ་གནས་ནས་བདེ་བླག་ངང་མཇུག་སྒྲིལ།

        བྱ་འགུལ་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་ཅུ་འགོར་བར་རྟེན་འབྲེལ་ཞུ་བ་དང་གུང་ཁྲན་ཏང་བཟང་།སྤྱི་ཁྱབ་ཧྲུའུ་ཅི་བཟང་།ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་ཞེས་པ་བརྗོད་དོན་དུ་བཟུང་ནས། ནང་དོན་དང་རྣམ་པ་བཅས་ཧ་ཅང་ཕུན་སུམ་ཚོགས་པའི་བོད་རིགས་ཞབས་བྲོ་དང་གླུ་གཞས། དེང་གཞས། སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་མཚོ་ནུབ་ས་ཁུལ་གྱི་ལོ་འདི་འགའི་རིང་གི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱ་ཆེའི་ལྟད་མོ་བ་དག་གི་མིག་གི་དགའ་སྟོན་དུ་བཀྲམ།

        བྱ་འགུལ་འདི་སྤེལ་བ་བརྒྱུད་ནས་མཚོ་ནུབ་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་དང་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་དག་གི་ཁྲོད་དགའ་བསུ་དང་ཚུར་སྣང་ཆེན་པོ་བྱུང་ཡོད་པ་དང་།རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་བྱ་འགུལ་སྤེལ་བའི་རྗེས་སུ་གཏེར་ལེན་ཁ་ས་ཁུལ་གྱི་མང་ཚོགས་དང་དགེ་སློབ་མང་པོ་ཞིག་གིས་སླད་མར་ཡང་འདི་ལྟ་བུའི་དོན་སྙིང་ལྡན་པའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་རིགས་སོ་སོའི་མི་དམངས་མང་ཚོགས་དང་རྒྱ་ཆེའི་ལས་བྱེད་པའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བའི་རེ་བ་འཆང་བཞིན་ཡོད་དོ།