རྒྱལ་སྟོན་དུས་ཆེན་གྱི་ཉིན་དང་བོར་རྡོ་མཁར་རྫོང་ན་ཡུལ་སྐོར་བའི་འཚང་ཁ་ཆེ།

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-10-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།རྒྱལ་སྟོན་དུས་ཆེན་གྱི་ཉིན་དང་བོ་སྟེ། ཟླ་༡༠བའི་ཚེས་༡ཉིན་ལ། སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གི་ཡུལ་སྐོར་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་དེ། དུས་རྒྱུན་དང་བསྡུར་ན་རླངས་འཁོར་དང་མི་ཚོགས་ཀྱི་འཚང་ཁ་ཅུང་ཆེ་བ་རེད།

        ཉིན་དེར་གནམ་འཐིབས་ཡོད་ལ་སྐབས་སྐབས་སུ་ད་རུང་ཆར་བ་ཟམ་ཟིམ་བབས་པས་ནམ་ཟླ་ཅུང་འཁྱག་མོད། འོན་ཀྱང་གནམ་གཤིས་ཀྱིས་ཡུལ་སྐོར་བ་ཚོའི་སྤྲོ་སྣང་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མེད་པ་འདྲ་སྟེ།  ཁྲོམ་གཉུག་བཞིན་པ་དང་ཟ་མ་ཟ་བཞིན་པ། ལྭ་བ་ཉོ་བཞིན་པ།   སྐོར་བྲོ་འཁྲབ་བཞིན་པ་སོགས་མི་མང་བོ་ཡོད་པ་རེད།