ཆི་ཅན་ཞིན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བརྟག་ཞིབ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-29   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས21ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཛུགས་སྐྲུན་རྣམ་གྲགས་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས།ཁུལ་ཡོངས་ཀྱི་མི་དམངས་ལ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

ཆི་ཅན་ཞིན་དང་བཅས་པའི་སྔ་རྗེས་སུ་རྡོ་མཁར་རྫོང་སྤུས་མཐོར་རྒྱ་བསྐྱེད་རྣམ་གྲངས་དང་།ཤམ་བྷ་ལ་སྤྱི་གླིང་སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་ལྟ་ཞིབ་བྱས་ནས།ལས་ཀའི་མི་སྣའི་སྙན་ཞུ་ལ་གསན་པ་དང་རྣམ་གྲངས་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་གནད་ལ་རྒྱུས་ལོན་བྱས་པ་རེད།

        ཆི་ཅན་ཞིན་གྱིས་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་ནང་རྐྱེན་འཛུགས་ནས།ཧུར་བརྩོན་གྱིས་དཀའ་གནད་སེལ་དགོས་པ་མ་ཟད།དུས་ཐོག་ཏུ་གྲངས་སྤུས་གཉིས་ལྡན་གྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།དུས་མཚུངས་སུ། ཡུལ་བབ་དང་བསྟུན་ནས་ལྗང་གྱུར་ལས་གཞི་དང་བཙོག་བཅད་ལེགས་བཅོས་རྣམ་གྲངས་སོགས་ལེགས་པར་སྒྲུབ་པས།ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་ མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།