བོད་ཀྱི་ཨ་ཅག་བུད་མེད་མཉམ་ཚོགས་དབུ་བརྙེས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-06   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།


        ཉེ་ཆར། རང་ལྗོངས་ནི་བུད་མེད་མཉམ་ཚོགས་ས་ཁོངས་ཅན་གྱི་ལེགས་སྒྱུར་ཚོད་ལྟའི་ས་ཚིགས་དང་པོ་ཡིན་པའི་ངོས་ནས། ལྷ་ས་གྲོང་ཁྱེར་གྱི་རྫོང་རྒྱབ་ཀླུ་ཁང་གི་ཨ་ཅག་བུད་མེད་མཉམ་ཚོགས་དབུ་བརྙེས་པའི་ཚོགས་ཆེན་དེ་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་ཚོགས་སུ་སྐོང་འཚོགས་གནང་བ་རེད། གཤམ་ལ་ང་ཚོ་མཉམ་དུ་ཨ་ཅག་རྣམས་ཀྱི་ཉམས་འགྱུར་བཟང་པོར་གཟིགས་པར་ཕེབས་གནང་ངོ་། 


        ལྷ་ས་གྲོང་ཁྱེར་བུད་མེད་མཉམ་ཚོགས་ཀྱི་ཀྲུའུ་ཞི་བྱམས་པ་མཛེས་སྐྱིད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་རྒྱབ་ཀླུ་ཁང་གི་ཨ་ཅག་བུད་མེད་མཉམ་ཚོགས་ནི་བུད་མེད་༢༠༠ལྷག་ཙམ་གྱིས་ཕན་ཚུན་སློབ་སྦྱོང་དང་། འབྲེལ་འདྲིས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བཞིན་པའི་སྟེགས་བུ་ཞིག་ཡིན་པས། སྔར་ལས་མང་བའི་བུད་མེད་མང་ཚོགས་ཀྱིས་ཤེས་དཔལ་རྒྱུད་འཛིན་དང་སྲོལ་བཟང་དར་སྤེལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཁྱད་ཆོས་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་མ་ཟད། ཁོ་ཚོར་མ་དངུལ་སྒོར་ཁྲི་༣རག་པས་ཚང་མའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་དང་སེམས་ལ་ངར་ཤུགས་ཀྱིས་ཁེངས་འདུག

 


        རྫོང་རྒྱབ་ཀླུ་ཁང་ཨ་ཅག་བུད་མེད་མཉམ་ཚོགས་ཀྱི་ཁོངས་མི་མང་ཆེ་བ་ནི་སྤྱི་ལོ་༢༠༡༦ལོའི་ཟླ་༡༠བར་ལྷ་སར་བཙུགས་པའི་ཐང་ཆེན་ཨ་ཅག་གཅེས་སེམས་ཞབས་ཞུའི་རུ་ཁག་ནས་ཡིན་པ་རེད། རུ་ཁག་ལྔ་ཡི་རུ་མི་ཚང་མ་ལས་འཁྱུར་ངལ་གསོ་ཞུས་པ་ཡིན་པ་དང་། ཁོང་རྣམས་ཀྱིས་ལུས་སྦྱོང་དང་། ཞབས་བྲོ་འཁྲབ་པ་སོགས་བྱས་ནས་བུད་མེད་དང་བྱིས་པ་རྣམས་ལ་སྤྱི་ཕན་གྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་རེད།

        གསར་དུ་བསྐོ་བཞག་གནང་བའི་ལྷ་ས་གྲོང་ཁྱེར་རྫོབ་རྒྱབ་ཀླུ་ཁང་ཨ་ཅག་བུད་མེད་མཉམ་ཚོགས་ཀྱི་ཀྲུའུ་ཞི་ཡུང་ཁྲུན་གྱིས་ང་ཚོས་སྲིད་གཞུང་གིས་གནང་བའི་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས། སློབ་སྦྱོང་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་དེ་བས་མང་བ་བརྩོན་ལེན་བྱས་ཏེ་ལས་སྒོའི་ཆུ་ཚད་གོང་མཐོར་བཏང་ཐོག རྒྱ་ཆེའི་བུད་མེད་རྣམས་ལ་ཞབས་ཞུ་སྔར་ལས་ལེགས་པ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།