ཁ་བ་དཀར་པོ་ལ་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་འཛུགས་སྡེ་ཚན་དུ་ངོས་འཛིན་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-07-10   རྩོམ་ཁུངས།   

          འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་སྔོན།བདེ་ཆེན་ཁུལ་རིག་རྩལ་རྒྱང་བསྒྲགས་གསར་ཅུས་དང་།ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་སྙན་སེང་ཞུས་པའི་འཇོལ་རྫོང་ཁ་བ་དཀར་པོ་ལ་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་འཛུགས་སྡེ་ཚན་དུ་ངེས་འཛིན་ཐོབ་པ་རེད།རིག་གནས་ལུས་རྩལ་བརྒྱངས་བསྒྲགས་གསར་འགྱུར་ཅུས་དང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན།འཇོལ་རྫོང་རིག་གནས་ལུས་རྩལ་བརྒྱངས་བསྒྲགས་ཅུས།འཇོལ་རྫོང་ཡུལ་སྐོར་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་གྱིས་ཁ་བ་དཀར་པོའི་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བསམ་གཞི་ཁ་གསལ་བཟོས་ནས།འཇོལ་རྫོང་ཁ་བ་དཀར་པོའི་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞི་རུ་གསར་བཟོ་བྱེད་པའི་ལེགས་ཆ་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་བྱས་ནས།རྒྱལ་ཁབ་དང་ཞིང་ཆེན་ལུས་རྩལ་ཡུལ་སྐོར་སྡེ་ཁག་ལ་ཀྲུང་གོ་འཇོལ་རྫོང་ཁ་བ་དཀར་པོའི་སྤྱི་ལེ100ཡི་མུ་མཐའ་འགྲན་བསྡུར་དང་།འཇོལ་རྫོང་གེ་སར་རྒྱལ་པོ་བུམ་པའི་མི་རིགས་མདའ་འཕེན་འགྲན་བསྡུར།འཇོལ་རྫོང་ཁ་བ་དཀར་པོའི་རྟགས་ཅན་གྱི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར།2016ལོའི་ཨའོ་རྩལ་འགྲན་ཚོགས་བསུ་བའི་ཁ་བ་དཀར་པོའི་བུམ་པ་སྟེ་ཀྲུང་གོ་དང་ཁ་མེ་རོང་རྒྱལ་སྤྱིའི་སྐྱེས་པའི་འགྲན་བསྡུར།འཇོལ་རྫོང་པི་ཝང་རིག་གནས་དུས་ཆེན་སོགས་རབ་དང་རིམ་པའི་ལུས་རྩལ་ཡུལ་སྐོར་འགྲན་བསྡུར་ངོ་སྤྲོད་བྱས།མཇུག་མཐར་ཁ་བ་དཀར་པོའི་ཆ་རྐྱེན་ལེགས་པ་ལ་རིགས་གཅིག་མཁས་ཅན་གྱི་ཁས་ལེན་ཐོབ་པ་རེད།རྒྱལ་ཁབ་ཡུལ་སྐོར་ཅུས་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཅུས་ཀྱི་མཆོག་མཆན་བརྒྱུད།འཇོལ་རྫོང་ཁ་བ་དཀར་པོ་ལ་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་འཛུགས་སྡེ་ཚན་དུ་ངོས་འཛིན་བྱས་ནས།ད་ལྟ་དངོས་སུ་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱས་ཡོད།འདི་ནི་ཡུན་ནན་ཞིང་ཆེན་གྱི་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་འཛུགས་སྡེ་ཚན་གཅིག་པུ་ཡིན་པ་རེད།




 ཡོངས་བསྒྲགས་མིང་ཐོའི་ཐོག་ནས་མངོན་གསལ།རྒྱལ་ཡོངས་སུ་པེ་ཅིང་ཨོ་ལིན་ཕིག་ཁེའི་སྤྱི་གླིང་སོགས་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་འཛུགས་སྡེ་ཚན་30ལས་མེད།ཡུན་ནན་གྱི་ཡུན་ནན་ཀེ་ལན་ཧྥིན་ཏུའོ་རྒྱལ་སྤྱིའི་རྐང་འཁོར་དུས་ཆེན་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་སྤུས་དག་འགྲན་བྱ33ཡི་ཡ་གྱལ་དུ་ཚུད་པ་རེད།

              འཇོལ་རྫོང་ཁ་བ་དཀར་པོ་ལ་རྒྱལ་ཁབ་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་བཙུགས་སྡེ་ཚན་དུ་ངོས་འཛིན་ཐོབ་པ་ནི་བདེ་ཆེན་གྱིས་ཕྱི་རོལ་གྱི་ལས་འགུལ་དང་།ལུས་སྦྱོང་སྤྲོ་གསེང་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་ལ་གང་ལེགས་ཀྱིས་བདེན་དཔང་བྱས་ཡོད་པ་དང་།བདེ་ཆེན་གྱི་ལུས་རྩལ་ཡུལ་སྐོར་ཐོན་ཁུངས་ལེགས་བཅོས་བྱས་ནས།ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ།མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་མངའ་ཁོངས་ཡོངས་ཀྱི་སྤྲོ་གསེང་།མངའ་ཁོངས་ཡོངས་ཀྱི་སྤྱི་གླིང་སོགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ན།བདེ་ཆེན་གྱི་ལུས་རྩལ་ཡུལ་སྐོར་ཐོན་ལས་དེ་ངེས་པར་དུ་སྤུས་མཐོ་ཕན་འཕར་ཡོང་ཐུབ་པ་མ་ཟད།འཕེལ་རྒྱས་གསར་བ་མངོན་འགྱུར་བྱུང་རྒྱུ་རེད།