ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

ལི་ཡོན་ཁྲའོ་ཡི་ལོ་རྒྱུས་མདོར་བསྡུས།


   ལི་ཡོན་ཁྲའོ།
       ཕོ།རྒྱ་རིགས།1950ལོའི་ཟླ་11པར་འཁྲུངས།ཅང་སུའུ་ལེན་ཧྲུའེ་ནས་ཡིན་པ།1968ལོའི་ཟླ་11པར་ལས་ཀར་ཞུགས།1978ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།ཁྲིམས་རིག་པའི་འབུམ་རམས་པ་ཡིན།
       ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་ཡོད།
       1968—1972ལོ་བར་ཅང་སུའུ་ཞིང་ཆེན་ཏ་ཕུང་རྫོང་ཧྲང་ཧའེ་ཞིང་རའི་བཟོ་པ་གནང་།
       1972—1974ལོ་བར་ཧྲང་ཧའེ་དགེ་འོས་སློབ་གྲྭ་ཆེ་མོའི་རྩིས་རིག་ཚན་ཁག་ཏུ་སློབ་སྦྱོང་གནང་།
       1974—1975ལོ་བར་ཧྲང་ཧའེ་གྲོང་ཁྱེར་ནན་ཁྲང་སློབ་འབྲིང་དུ་དགེ་རྒན་གནང་།
       1975—1978ལོ་བར་ཧྲང་ཧའེ་གྲོང་ཁྱེར་ལུའུ་དབན་ཆུས་སུ་ལས་ཞོར་བཟོ་ལས་ཆེད་ལས་ཀྱི་སློབ་གྲྭའི་དགེ་རྒན་གནང་།
       1978—1982ལོ་བར་ཕུའུ་ཏན་སློབ་ཆེན་གྱི་རྩིས་རིག་ཚན་ཁག་ནང་རྩིས་རིག་ཆེད་ལས་སུ་སློབ་སྦྱོང་དང་ཚན་ཁག་སྡེ་ཚོགས་ཀྱི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི་གནང་།
       1982—1983ལོ་བར་ཕུའུ་ཏན་སློབ་ཆེན་དོ་དམ་ཚན་ཁག་གི་དགེ་རྒན་དང་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་གནང་།
       1983—1983ལོ་བར་གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི་གནང་།
       1983—1990ལོ་བར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི(དེའི་རིང་1988ལོ་ནས་1991ལོ་བར་པེ་ཅིང་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་ཚན་རིག་ལྟེ་གནས་སུ་ལས་ཐོག་སློབ་སྦྱོང་གནང་བ་དང་རབ་འབྱམས་པའི་སློབ་གནས་ཐོབ)གནང་།
       1990—1993ལོ་བར་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་ཚོགས་ཆུང་གི་ཅུས་དང་པོའི་ཅུས་ཀྲང་གནང་།
       1993—1996ལོ་བར་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བཅས་གནང་།(1991ལོ་ནས་1995ལོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མ་པུའི་ཚན་རིག་སྤྱི་ཚོགས་རིང་ལུཌ་ཆེད་ལས་སློབ་སྦྱོང་གནང་བ་དང་ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ)
       1996—2000ལོ་བར་རིག་གནས་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་གནང་།
       2000—2001ལོ་བར་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་།
       2001—2002ལོ་བར་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ནན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       2002—2003ལོ་བར་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ནན་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གནང་།
       2003—2007ལོ་བར་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།
       2007—2012ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་བཅས་གནང་།
       2012—2013ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གནང་།
       2013—ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་གནང་།
       སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་།སྐབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན།སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པ་དང་སྐབས་དགུ་པའི་ཨུ་ཡོན་བཅས་གནང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས།