རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-21   རྩོམ་ཁུངས།    中国西藏新闻网
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་ཉེའི་སྐབས་སུ་བྲིས་པ། (སྟོད་ཆ)
ལོ་རྒྱུས་ཀྱིས་ལེའུ་གསར་པ་རྩོམ་བཞིན་ཡོད།
ཟླ་10ཚེས་20ཉིན་ནས་ཚེས་23ཉིན་བར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཚོགས་འདུའི་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར》གྲོས་ཞིབ་བྱས་ནས་འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོ་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་འགོད་རྒྱུ་རེད།
2021ལོ་ནས་2025ལོ་བར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་རེད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་མཐུན་སྟོབས་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གསར་པ་དང་། ཚད་བརྒལ་རང་བཞིན་གྱི་འགྱུར་ལྡོག་གསར་པ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་བཅས་ཐོབ་ཡོད།
2026ལོ་ནས་2030ལོ་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དམིགས་རྒྱུ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད།
རྒྱུན་སྲིང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོ་དང་། ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན། མུ་མཐུད་འབད་འཐབ་བྱེད་པའི་རྐང་རྗེས།“ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཉེར་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་རེད།
སྣེ་ཁྲིད་དང་ཁ་ཕྱོགས་གཏན་འཁེལ་གྱིས་འཕེལ་རྒྱས་སྤྱི་ཡོངས་ཀྱི་ཁ་ལོ་བསྒྱུར་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་པ་བཏོད་པ།“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་སྐབས་སུ“དྲ་བ་གཉིས”འཛུགས་སྐྲུན་ལ་མི་རྣམས་ཀྱིས་དོ་ཁུར་དེ་བས་ཆེན་པོ་བྱེད་པ་སྟེ།གཅིག་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཡིན་ཞིང་། “འཁོར་ཐིག་6དང་། ཁྱམས་རིང་7 བགྲོད་ལམ་8”བཅས་ཀྱི་གཞི་སྒྲོམ་གཙོ་བོ་སྐྲུན་ཚད་90%ལས་བརྒལ་བ། གཞན་ཞིག་ནི་རྒྱལ་ཁབ་ཀྱི་ཆུ་དྲ་ཡིན་ཞིང་། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁྱབ་ཚད་སྔོན་དཔག་བྱས་ན་80.3%ཟིན་རྒྱུ་ཡིན་པ། རྒྱལ་ཁབ་ཆེན་པོ་ལེགས་སྐྱོང་བར། རི་ཀླུང་ཐམས་ཅད་རྨང་གཞིར་འཛིན། ཆུ་དྲ་དང་ལམ་དྲ་ལེ་དབར་སྟོང་གི་རི་ཀླུང་བརྒལ་ནས་བསྐྲུན་ཏེ། ཕྱོགས་བཞིར་ཕན་པ་འདོགས་རྒྱུ་དང་དམངས་ཀྱི་དགོས་མཁོ་བསྐང་རྒྱུ་ཚང་མ་ནི་དེང་རབས་ཅན་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་དོན་ཆེན་རེད།
2021ལོ་སྟེ། “ལོ་ལྔ་ཚན་བཅུ་བཞི་པ”འགོ་ཚུགས་པའི་ལོར་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་པ་དང་ཆབས་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ལ་རྒྱང་གཟིགས་ཀྱང་གནང་ཡོད། ལོ་དེའི་ཟླ་5པར་ཧོ་ནན་ནན་དབྱང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ལྷོ་ཆུ་བྱང་འདྲེན་སྐོར་ལ་ཆེད་དོན་བརྟག་ཞིབ་གནང་བ་སྟེ། “ཆུ་དྲ་འཛུགས་སྐྲུན་དེ་ཀྲུང་ཧྭ་མི་རིགས་ཀྱི་ཆུ་བཅོས་བརྒྱུད་རིམ་ཁྲོད་ཀྱི་དུས་རབས་ཀྱི་ངོ་མཚར་ཆེ་བའི་ལེའུ་ཞིག་ཏུ་འགྱུར་རྒྱུ་རེད” ཅེས་གསུངས་པ་དང་། ཟླ་7པར་བོད་ཀྱི་ཉིང་ཁྲིར་སྤྱི་ཁྱབ་ཧྲུའུ་ཅིས་ཁྲོན་བོད་ལྕགས་ལམ་གྱི་ལྟེ་བའི་འབབ་ཚུགས་གལ་ཆེན་ཞིག་ཡིན་པའི་ཉིང་ཁྲི་མེ་འཁོར་འབབ་ཚུགས་སུ་ཕེབས་ཏེ། ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་དེ་བཞིན་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་མཁྱེན་རྟོགས་གནང་སྐབས། “ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱེད་དགོས”ཞེས་བླང་བྱ་བཏོན་གནང་ཡོད།“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྗེས་སུ་བབ་བསྟུན་མདུན་སྐྱོད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་ལོ་ལྔ་ཚན་དང་པོ་དང་རང་རྒྱལ་གྱིས་ཐོབ་པར་དཀའ་བའི་གོ་སྐབས་ལ་དམ་འཛིན་བྱེད་པ་དང་། འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ། བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོ་དགོས”ཞེས་ནན་བཤད་གནང་ཡོད།
ལོ་ལྔའི་རིང་སྤྱི་ཚོགས་དར་རྒྱས་གོང་འཕེལ་གྱི་བརྗིད་ཆེའི་མཛེས་རིས་བཀོད་ཡོད།
རྒྱང་ལམ་འདིས་མདུན་སྐྱོད་ཀྱི་གོམ་སྟབས་ལ་སྐུལ་མ་བཏང་བ་སྟེ། ཀྲུང་གོའི་དཔལ་འབྱོར་གྱི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130བཅས་ཀྱི་སྐས་རིམ་ལས་བསྟུད་མར་བརྒལ་ཞིང་། སྔོན་དཔག་བྱས་ན། 2025ལོའི་ལོ་མཇུག་ཏུ་སྒོར་དུང་ཕྱུར་ཁྲི་140ཡས་མས་ཟིན་རྒྱུ་དང་། ལོ་བཞིར་ཆ་སྙོམས་འཕར་ཚད་5.5%ཟིན་རྒྱུ། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་གཉིས་བསྟུད་མར་ཨ་སྒོར་ཁྲི་1.3ལས་བརྒལ་རྒྱུ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ཀྲུང་གོས་ལོ་རེར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་30%ཡས་མས་རྒྱུན་འཁྱོངས་ཐུབ་རྒྱུ་སོགས། དུས་རབས་འདིས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་གཙོ་གནད་ལས་གྲྭ་ཁག་102ཀྱི་འཕེལ་རིམ་བདེ་བླག་བྱུང་བ་དང་། ཀྲུང་གོ་འདི་ཉིད“རྒྱལ་ཁབ་ཆེན་པོའི་མཆོག་ནོར”གསར་གཏོད་ཀྱི་མཐོ་སར་ཡང་ནས་ཡང་དུ་སླེབས་པ། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཚད་2.69%བར་མཐོ་རུ་ཕྱིན་ནས་རྒྱལ་ནང་གི་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་400ལས་བརྒལ་བའི་འཛམ་གླིང་གི་རྒྱལ་ཁབ་དང་པོར་གྱུར་པ་སོགས། ལྗོངས་རིས་འདིས་མཛེས་སྡུག་ལྡན་པའི་ཀྲུང་གོ་བཞེངས་པ་སྟེ།“སྔོ་འགྱུར་མང་དུ་གཏོང་ཚད”གོ་ལ་ཧྲིལ་པོར་མང་ཤོས་ཡིན་ཞིང་། ནགས་ཚལ་ཁྱབ་ཚད་25%ཡན་མཐོ་རུ་ཕྱིན་པ་དང་། ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་87%ཡས་མས་སུ་བརྟན་པོར་གནས་པ། འབྲི་ཆུ་དང་རྨ་ཆུའི་ཆུ་རྒྱུན་གྱི་ཆུ་རྒྱུད་ཧྲིལ་པོའི་སྤུས་ཚད་རིགས་གཉིས་པའི་ཚད་གཞིར་སླེབས་པ། ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གཞི་ཁྱོན་མེ་གློག་ལས་ལོ་རྒྱུས་རང་བཞིན་གྱིས་བརྒལ་ནས་གོ་ལ་ཧྲིལ་པོའི་དྭངས་གཙང་གློག་འདོན་མ་ལག་ཆེ་ཤོས་བསྐྲུན་པ་སོགས། རྒྱུགས་ལན་འདི་དམངས་འཚོའི་བདེ་རྩར་ཐིམ་པ་སྟེ། ལོ་ལྟར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་ཁྲི་1200ཡན་གསར་དུ་འཕར་བ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79བར་རིང་དུ་ཕྱིན་པ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་སྤོས་པ་སོགས། ལོ་ལྔའི་རིང་མི་དམངས་དུང་ཕྱུར་མང་པོས་འབད་འབུངས་མདུན་སྐྱོད་བྱས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་འོད་སྟོང་འབར་བའི་དུས་སྐབས་དུ་མར་འཛམ་གླིང་གིས་བདེན་དཔང་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་ཁྱབ་བསྒྲགས་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་འཆར་འགོད་བྱས་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་འཁྲུངས་སྐར་ལ་དགའ་སྤྲོའི་ངང་རྟེན་འབྲེལ་ཞུས་པ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་སོགས།“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་ནི་སྔར་བྱུང་མྱོང་མེད་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད། རེ་སྒུག་དང་འགྲན་སློང་ཡོད་ཚད་ལས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་ནམ་ཡང་ལྷོད་གཡེང་མི་གཏོང་བའི་ང་ཚོའི་འབད་འཐབ་ཀྱི་སྙིང་སྟོབས་འཕེལ་རྒྱུ་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ནི་བརྩེ་བས་ཕྱུག་ལ་སྤོབས་ཉམས་ལྡན་པ་ཞིག་ཡོད།
འདི་ནི་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱིས་མདུན་སྐྱོད་ཀྱི་ལམ་སྣེ་འདྲེན་པའི་ལོ་ལྔ་རེད།
2020ལོའི་ཟླ་10ཚེས་29ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།
“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལངས་ནས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། འབྱུང་འགྱུར་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཏན་ཚིགས་ཀྱི་གཙོ་རྐང་བཀོད་པ་སྟེ།“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོར་འཛིན་དགོས”དང“འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་དགོས”
2022ལོའི་ཟླ་10པར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལས་འགན་ཨང་དང་པོ་ཡིན”ཞེས་ཁ་གསལ་བཏོན་ཡོད། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་དང་ཚད་བརྒལ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འབྱུང་བཞིན་ཡོད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོན་སྐྱེད་ནུས་ཤུགས་ཀྱི་རིགས་པའི་གཞུང་ལུགས་གསར་པས་མཛུབ་ཁྲིད་བྱེད་དགོས། 2023ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ལ་རྟོག་ཞིབ་གནང་སྐབས་ཐོན་སྐྱེད་ནུས་ཤུགས་གསར་མ་ཐོག་མར་བཏོན་གནང་བ་དང་དེ་རྗེས་ས་ཡུལ་མང་པོ་ཞིག་ཏུ་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་བཀོད་སྒྲིག་གལ་ཆེན་གནང་སྟེ“ཅི་ཞིག་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་ཡིན་པ་དང་། ཅིའི་ཕྱིར་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པ”སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ་རེད། ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
འདི་ནི་བརྗིད་ཆེའི་འཆར་གཞིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལོ་ལྔ་རེད།
ད་ལོའི་ཟླ་10ཚེས་9ཉིན། ཞུང་ཨན་ཁུལ་གསར་དུ་ཀྲུང་གོ་ཧྭ་ནུས་སྤྱི་ཁྱབ་པུའུ་དང་ཀྲུང་གོ་རྫས་འགྱུར་བཟོ་ལས་སྤྱི་ཁྱབ་པུའུ་དངོས་སུ་སྤོས་པ་རེད།2023ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་ཐེངས་གསུམ་པ་གནང་སྐབས“གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་དང་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་སེལ་རྒྱུ་དང་ལེན་གཉིས་གལ་ཆེ་མཉམ་དུ་འཛིན་པའི་དུས་མཚམས་སུ་སླེབས་པའི”གྲོང་ཁྱེར་གསར་པའི་ཐད། “ངང་ཐུང་འཚབ་འཚུབ་བྱེད་མི་རུང་ལ་སྒུག་རྟེན་སློང་གསུམ་ཡང་མི་བྱེད་པར་ཏན་ཏན་ཏིག་ཏིག་གིས་འབད་བརྩོན་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས”ཞེས་མངགས་བཅོལ་དོ་ནན་གནང་ཡོད། ས་ཆ་ཡུག་གཅིག”ནས“འཆར་འགོད་ས་བཀྲ་གཅིག”བར་དང་དེ་ནས“གྲོང་ཁྱེར་གཅིག”བར། ལོ་ངོ་སྟོང་གི་ཇུས་ཆེན་ལྡན་པའི་མ་འོངས་པའི་གྲོང་ཁྱེར་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད། འཆར་གཞི་གཅིག་མཐར་ཕྱིན་པ་འགོད་པ་དང་ལས་དོན་ཁག་རིམ་པ་བཞིན་རྒྱུན་མཐུད་སྒྲུབ་ཡོད།
“ང་ཚོས་དུས་ཚོད་ལ་ལོ་ངོ་བརྒྱ་དང་སྟོང་བརྩིས་ནས་གོ་བ་ལེན་གྱི་ཡོད”“ཁ་ཚ་དགོས་གཏུག་གི་ལས་དོན་ཁ་བཤད་ལག་བསྟར་དང་གང་མགྱོགས་སྒྲུབ་དགོས་པ་ལས་དལ་དལ་ལྷོད་ལྷོད་དང་ཐང་ངེ་ཐེང་ངེ་བྱེད་མི་རུང་། ཡུན་རིང་གི་ལས་འགན་ཐད་འཐབ་ཇུས་ཀྱི་ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ནས་འཆར་གཞི་མཐར་ཕྱིན་པ་འགོད་པ་མཐའ་འཁྱོངས་དང་ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་འབིགས་པ་ལྟར་སྙིང་རུས་གཏན་འཁྱོངས་བྱེད་དགོས”དལ་མགྱོགས་ལ་སྟངས་འཛིན་དང་དུས་ཚོད་ལ་དམ་འཛིན་བྱེད་པ་དེས་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་དང་དུས་རབས་ཀྱི་ཐེག་ཁུར་མཚོན་ཡོད།
ལོ་ལྔའི་འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་དེ་ལོ་འཁོར་གྱི་འཆར་གཞིར་འཇུག་པ་དང་། གཞི་ཆེའི་སྲིད་ཇུས་སྣ་ཚོགས་ལ་མཐུན་སྦྱོར་ཤུགས་འདོན། སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་། དུས་འབྲིང་གི་དཔྱད་དཔོག ཕྱོགས་སྡོམ་དཔྱད་དཔོག་ལ་སོགས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་ལོ་ལྔ་དང་ཐ་ན་ལོ་བཅོ་ལྔ་ཡི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྟོན་ཕྱོགས་དང་། འཐབ་ཇུས་ཀྱི་གཙོ་གནད། སྲིད་ཇུས་ཀྱི་བྱ་ཐབས་བཅས་ཡོད་པས་དུས་མཚམས་རང་བཞིན་གྱི་དམིགས་ཚད་དང་ལས་འགན་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། ཕྱི་རྒྱལ་སྨྱན་སྦྱོར་གྱི་རྩོམ་ཡིག་ནང་ཀྲུང་གོས་ལོ་ལྔའི་གོང་བཟོས་པའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་རྩ་གནད་ཀྱི་དམིགས་ཚད་གཙོ་བོ་ཁག་ནས་དམིགས་ཚད་མང་པོ་ཞིག་གི་འཕེལ་རིམ་སྔོན་དཔག་དང་མཐུན་པ་དང་ཐ་ན་དེ་ལས་ལྷག་པ་བྱུང་ཡོད་ཅེས་བཀོད་ཡོད།
འདི་ནི་ཆར་རླུང་གི་འགྲན་སློང་ཁྲོད་དུ་དུས་འགྱུར་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི་ལོ་ལྔ་རེད།
ཞི་ཐུའུ་མ་རྒྱུ་དང་འབྲེལ་བ་ཡོད་པའི་དངོས་རྫས་ཕྱིར་གཏོང་ལ་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེས་མཁྲེགས་རྒྱུ་ཆ་སོགས་འབྲེལ་ཡོད་དངོས་རྫས་ཕྱིར་གཏོང་ལ་གཅུན་སྡོམ་བྱེད་པ། ཨ་རིའི་གྲུ་གཟིངས་ལ་དམིགས་བསལ་གྱི་གྲུ་ཁའི་གྲོན་དངུལ་བསྡུ་བ་སོགས། ཉེ་ཆར་ཨ་རི་ཕྱོགས་ཀྱིས་གནོན་ཤུགས་སྤྲད་པར་དམིགས་ནས་ཀྲུང་གོས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། གྲོས་མོལ་བྱས་ན་རྒྱལ་སྒོ་འབྱེད་པ་དང་། འཁྲུག་ཟིང་བསླངས་ན་ཁ་གཏད་མཐར་ཕྱིན་པ་གཅོག་གི་ཡིན། ལྟ་ཞིབ་པ་ཁག་གཅིག་གིས་ཀྲུང་གོས་དེ་བས་བབ་བརླིང་དང་བློ་བརྟན་འགྱུར་མེད་ཀྱི་ཁ་གཏད་བཅག་པ་དེས་དེ་བས་བརྟན་པའི་གདེང་ཚོད་དང་དེ་བས་ཆེ་བའི་སྟོབས་ཤུགས་མངོན་ཡོད་ཅེས་བརྗོད། འགག་རྩའི་དུས་སུ་ངེས་པར་དུ་འགག་རྩའི་གདམ་ག་ཡོད་དགོས་ཤིང་། ལོ་ལྔའི་རིང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཐད་ཀར་གདོང་གཏུག་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགག་རྩའི་དུས་སུ་ཁ་སྒྱུར་ཕྱོགས་སྟོན་ཐེངས་མང་གནང་སྟེ་ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོའི་སྣེ་ཁྲིད་ནས་རླུང་བརྟེན་རླབས་གཤགས་བྱས་ཡོད། དུས་རབས་གཅིག་རིང་ཐོན་མ་མྱོང་བའི་རིམས་ནད་ཀྱི་མདུན་དུ། དུས་དཔག་རྟོགས་དཔྱོད་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཏོན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་ནུས་ལྡན་བྱས་པ་དང་།ཛ་དྲག་ཏུ་རྒྱུན་ཆད་མེད་པར་འགྲོ་བའི་ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་བཀག་འགོག་གི་མདུན་དུ། སྟོབས་ཤུགས་གཅིག་སྡུད་ཀྱིས་སོ་སོའི་ལས་དོན་ལེགས་པར་བསྒྲུབས་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ།དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་རྙོག་འཛིང་གི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་གསལ་འགྲེལ་གཏིང་ཟབ་བསྐྱོན་པ།དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁར་དམིགས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་སྲིང་ལྷོད་མེད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་གཞི་ཁྱོན་ཆེ་བའི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་མཐའ་ཚད་ཡུན་རིང་བརྟན་སྲུང་བྱེད་པ་སོགས། 2024ལོའི་དུས་ཚིགས་གཉིས་པ་དང་གསུམ་པར། རང་རྒྱལ་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་ཆག་པ་དང་ཁྲོམ་རའི་སྔོན་དཔག་ཞན་དུ་ཕྱིན་པས། རྒྱལ་ཁབ་ཕྱི་ནང་དུ་སེམས་ཁྲལ་ཅུང་ཟད་བྱུང་ཡོད།
ལོ་དེའི་ཟླ་9ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་འབོར་འཕར་གྱི་མང་འདུས་སྲིད་ཇུས་བཀོད་སྒྲིག་བྱས་པས“སྤྱི་ཁོག་སྙོམས་སྒྲིག་གི་ལམ་ཚད་རྡོ་རིང་ལྟ་བུའི་བྱ་སྤྱོད་ཅིག”ཅེས་བརྗོད་ཀྱི་ཡོད།
“ལོ་ལྔ་ཚན་བཅུ་བཞི་པར”ཕྱིར་མིག་བལྟས་ཚེ། འགྲན་སློང་ཆེན་པོ་སྣ་ཚོགས་ཀྱི་མདུན་དུ་ཀྲུང་གོས་གནོན་ཤུགས་དང་ཚོད་བགམ་ཐེག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མདུན་ཕྱོགས་སུ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།