སྨན་འདི་དག་བསྟེན་རྗེས་རྩ་བ་ནས་ཆང་མ་འཐུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-11   རྩོམ་ཁུངས།    མི་དམངས་ཚགས་པར།

    སྤྱིར་བཏང་དུ་སྨན་བསྟེན་སྐབས་ཆང་འཐུང་མི་རུང་ལ། གཤམ་གྱི་སྨན་འདི་དག་བསྟེན་སྐབས་དེ་བས་ཀྱང་ཆང་འཐུང་མི་རུང་། 

སྲིན་འགོག་སྨན་རྫས།(སེ་ཧྥལ་རིགས་སོགས།)

    སེ་ཧྥལ་རིགས་ཀྱི་སྨན་རྫས་མང་ཆེ་བར་མུ་ལོན་ཟུང་འདྲའི་རྫས་འགྱུར་གྲུབ་ཚུལ་གྱི་ཀ་མུ་ཟི་ཏན་བཞི་ཙོའོ་རྨང་ཚོགས་འདུས་ཡོད། གལ་ཏེ་སྨན་བསྟེན་པའི་སྔ་གཞུག་ཏུ་ཆང་འཐུང་ན་མུ་ལོན་ཟུང་འདྲའི་འགྱུར་འབྱུང་ཐོན་སྲིད།

    མུ་ལོན་ཟུང་འདྲའི་འགྱུར་འབྱུང་ནི་སྨན་བསྟེན་རྗེས་ཆང་འཐུང་ན། ངོ་གདོང་དམར་པོར་འགྱུར་བ་དང་། མིག་མཐར་ཁྲག་རྒྱས་པ། མཐོང་ལམ་རབ་རིབ་ཏུ་འགྱུར་བ། མཇིང་གནས་ཀྱི་ཁྲག་རྩ་འཕར་འགུལ་དྲག་པོ་འབྱུང་བའམ་འཕར་འགུལ་རང་བཞིན་གྱི་མགོ་ན་བ། མགོ་ཡུ་འཁོར་བ། ཞེན་ལོག་དང་སྐྱུག་བྲོ་བ། དབུགས་འབྱིན་རྔུབ་དཀའ་བ། བརྒྱལ་བ། ཐ་ན་ཤི་བ་སོགས་འབྱུང་སྲིད།

གཞན་ཡང་། “སེ་ཧྥལ་”ཞེས་པའི་ཡི་གེ་ཡོད་པའི་སྨན་ཁོ་ནས་མུ་ལོན་ཟུང་འདྲའི་འགྱུར་འབྱུང་སློང་བ་ཙམ་མ་རེད། འབུ་ཕྲ་འགོག་པའི་སྨན་རྫས་མང་པོ་ཞིག་བསྟེན་པའི་སྔ་གཞུག་ཏུ་ཆང་འཐུང་མི་རུང་།



    དཔེར་ན། 

ཁུན་ནོ་ཐུང་རིགས། ཙུའོ་དབྱང་ཧྥུལ་ཧྲ་ཤིང་དང་། མོ་ཞི་ཧྲ་ཤིང་། ནོ་ཧྥུལ་ཧྲ་ཤིང་།

གདུབ་ཆེན་ནང་ཐེན་རིགས། སྤོས་ཤེལ་ཁ་བའི་དམར་རླམ་རྒྱུ་དང་། དམར་རླམ་རྒྱུ།

ཟེ་རྨང་སྨིས་ཙོལ་རིགས། ཀ་ཟེ་ཙོལ་དང་། ཐི་ཟེ་ཙོལ། 

ཟེ་ཅི་ཧྥུ་རན་རིགས། ཧྥུ་རན་ཐོ་རིན། ཧྥུ་རན་ཙོའོ་ཐུན། ཟེ་ཧྥུ་ཐའེ་ཨེར།

སྨར་སྲིན་འགོག་པའི་རིགས། ཐུང་ཁང་ཙོ། ཧུའུ་ཧོང་མེ་སུའུ། 

འདུས་འདྲིལ་འགོག་པའི་རིགས། དབྱི་ཡོན་ཅིན། 

ཧྥོན་ཨེན་རིགས། མཉམ་འདུས་ཧྥོན་ཨེན་ཀ་ཨོ་ཙོ།