རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་རིང་སེམས་ཀྱི་ཉི་ཟླའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་རྒྱུན་གྱི་མཐོ་རླབས་གསར་བ་བསུས་ཡོད།གསར་འགོད་པས་སེམས་ཀྱི་ཉི་ཟླའི་འབབ་ཚུགས་འགྲུལ་སྐྱེལ་ལས་རེས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།དུས་ཆེན་གཉིས་ཀྱི་རིང་འབབ་ཚིགས་དེས་ཁྱོན་བསྡོམས་འགྲུལ་བ་མི་ཐེངས་ཁྲི8བསྐྱལ་བ་དང་།ཚུར་འབྱོར་བའི་ཡུལ་སྐོར་བ་མི་ཐེངས་ཁྲི7བྱུང་ཡོད། ཡུལ་སྐོར་བ་བདེ་འཇགས་དང་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་ཆེད་ལྕགས་ལམ་སྡེ་ཁག་གིས་མཚན་དུས་ཀྱི་སྒུལ་འཁོར་འགྲོ་ཐེངས་བསྣན་པ་དང་།ས་གནས་འགྲིམ་འགྲུལ་སྡེ་ཁག་དང་མཉམ་འབྲེལ་གྱིས་ཞབས་ཞུ་ཇེ་བཟང་དུ་བཏང་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བས་འཛམ་གླིང་གི་སེམས་ཀྱི་ཉི་ཟླར་སེམས་བདེ་བག་ཡེངས་ཀྱིས་ལྗོངས་རྒྱུ་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།