རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཆོས་སྐྱིད་ལག་ཤེས་མི་རིགས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཛིན་པ་ཆོས་སྐྱིད་ཀྱིས་ཀུང་སི་དང་ཞིང་དུད་གཉིས་འབྲེལ་ཀྱི་རྣམ་པར་བརྟེན་ནས་ས་གནས་དེ་གའི་“མཛུབ་སྣེ་དཔལ་འབྱོར་”དང་འབྲེལ་དེ་གྲོང་རྡལ་ཡོངས་ཀྱི་སྣེ་ཁྲིད་ནས་ལག་ཤེས་འཐག་ལས་ཀྱིས་འབྱོར་ཕྱུག་གི་ཕུགས་བསམ་བསྐྲུན་ཡོད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་ལམ་བུར་བསྙེགས་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོར་བསྐྱོད་པ་ན་ས་གནས་དེ་གའི་བུད་མེད་ཚོས་ཚ་ཚ་འུར་འུར་ངང་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་འཐག་བཞིན་ཡོད། བལ་སྐུད་རེ་རེ་འཕང་ལ་བརྒྱུས་ནས་བློ་གྲོས་ཀྱི་ཇུས་འགོད་དང་ལག་ཟུང་གི་རྩོལ་བ་ལ་བརྟེན་ཏེ་ཅང་མ་འགོར་བར་སྤུས་ལེགས་ཤིང་བཟོ་ཉམས་དོད་པའི་ཐོན་རྫས་རེ་རེ་གྲུབ་འགོ་བརྩམས་ཡོད།
ཆོས་སྐྱིད་ནི་ཆུང་ངུའི་དུས་ནས་སྲོལ་རྒྱུན་ལག་ཤེས་འཐག་ལས་ལ་མིག་མཐོང་ལག་ཟིན་བྱུང་དུས་སྔ་ཞིང་། རྒན་རབས་པ་ཚོའི་ཤུགས་རྐྱེན་འོག སྲོལ་རྒྱུན་གྱི་འཐག་ལས་ལ་དུང་བ་ཟབ་མོ་སྐྱེས། 2023ལོར་ཁོ་མོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཆོས་སྐྱིད་ལག་ཤེས་མི་རིགས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་། དུས་དེ་ནས་བཟུང་སྟེ་སྲོལ་རྒྱུན་ལག་ཤེས་ཐོན་རྫས་གསར་སྤེལ་གྱི་ལམ་དུ་ཞུགས་ཡོད། ཆོས་སྐྱིད་ཀྱིས་བཤད་ན། “ངའི་རེ་བ་ཡིན་ན་ལས་ལམ་གསར་གཏོད་བྱེད་པའི་དུས་མཚུངས་སུ་གྲོང་ཚོའི་ནང་གི་བུད་མེད་དེ་ལས་མང་བོས་ཁྱིམ་ཚང་བདག་སྐྱོང་བྱེད་པའི་ཞོར་དུ་ཡོང་སྒོ་མང་ཙམ་བཙལ་ཐུབ་པར་རོགས་རམ་བྱ་རྒྱུ་དེ་ཡིན་ཟེར། ལོ་ན74ལ་སླེབས་པའི་ཨ་ཡེ་སྒྲོལ་མ་ནི་ལག་ཤེས་ཐོན་རྫས་གསར་སྤེལ་ནང་ཞུགས་མཁན་གྱི་གྲོང་ཚོའི་བུད་མེད་ཀྱི་གྲས་ཤིག་ཡིན། ཁོ་མོས་ཀུང་སི་འདི་ནས་ལོ་གཉིས་རིང་འཐག་ལས་བྱས་ཡོད། ཁོ་མོ་དགའ་སྤྲོའི་ངང་བཤད་རྒྱུར། བསམ་ཡུལ་ལས་འདས་པ་ཞིག་ལ་ད་ལོ་ང་རང་ལོ74ལ་སླེབས་ཀྱང་ཡོང་སྒོ་འཚོལ་ཐུབ་ཀྱི་ཡོད། རང་གི་འཐག་ལས་བྱས་པའི་ཐོན་རྫས་ཀྱིས་ཁྱིམ་གྱི་རྒྱུན་ལྡན་གྱི་འགྲོ་སོང་འགའ་རེའི་གོ་ཆོད་ཀྱི་འདུག་ཟེར།
དེ་བས་མང་བའི་བུད་མེད་ལ་ཕན་ཆ་ཐོབ་ཆེད། ཀུང་སི་འདིས་ད་དུང་“ཀུང་སི་+ཞིང་ཁྱིམ་”རྣམ་པར་གཞི་བཅོལ་ནས་གྲོང་ཚོའི་ནང་གི་བུད་མེད200ལྷག་ལ་ངེས་སྲོལ་སྟབས་བསྟུན་ལས་ཞུགས་ཇུས་གཞི་བཟོས་ཡོད་པ་སྟེ། རྒྱུ་ཆ་གཅིག་གྱུར་གྱིས་སྡེབ་སྐྱེལ་དང་ལག་རྩལ་མཁོ་ཚེ་ཁྱིམ་ནང་ཡོང་ནས་མཛུབ་སྟོན་བྱེད་པ། མངག་ཐོ་མ་གནས་ནས་ཕྱིར་སྡུད་པ་སོགས་བཟོས་ཏེ་ཀུན་གྱི་སེམས་ཁྲལ་སེལ་ཡོད། གནས་དེར་འཐག་ལས་བྱེད་བཞིན་པའི་སྐྱེས་མ་ཞིག་གིས་ང་ཚོའི་ལས་ཀའི་དུས་ཡུན་དེ་སྟབས་བདེ་ཞིང་ཐོན་རྫས་རྐྱང་པ་ཞིག་གིས་ཡོང་སྒོ་སྒོར15བཙལ་ཐུབ། ཟླ་གཅིག་ལ་ཡོང་སྒོ་སྒོར2000ནས་སྒོར་6000་བཙལ་ཐུབ་པས་སྐབས་བསྟུན་གྱི་ལས་གཉེར་བྱེད་སྟངས་འདིས་ཁྱིམ་ཚང་བདག་སྐྱོང་དང་ཡོང་སྒོ་གཉིས་ཀ་བཙལ་ཐུབ་འདུག་ཅེས་ཟེར།
ཁྲོམ་རའི་ཐབས་ལམ་རྒྱ་སྐྱེད་གཏོང་ཆེད་ཆོས་སྐྱིད་ཀྱིས་གནའ་བོའི་འཐག་ལགས་ལག་རྩལ་གྱི་རྨང་གཞིའི་སྟེང་དེང་རབས་ཀྱི་མཛེས་དཔྱོད་དང་ཚོང་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ཐོན་རྫས་གསར་བ་ཁག་ཅིག་གསར་སྤེལ་བྱས་ཡོད། དཔེར་ན་བོད་ཀྱི་ཁྱད་ཆོས་ལྡན་པའི་འགེལ་བྱང་དང་ཁྱིམ་ཆས་སོགས་ཡོད། ད་ལོའི་ལོ་སྟོད་དུ་ཀུང་སིས་མངག་ཐོ་12000བསྡུ་ལེན་བྱས་པ་དང་། ཁྱིམ་ཚང་རེར་ཡོང་འབབ་སྒོར་ཁྲི3ཡས་མས་སྐུལ་ཁྲིད་བྱས་ཡོད། ད་ཆ་ཆོས་སྐྱིད་ཀྱི་ཀུང་སིས་མཉམ་འབྲེལ་གྲོང་ཚོའི་བུད་མེད་རྣམས་ལ་ཡོང་སྒོ་གཏན་འཇགས་ཡོང་བར་བྱས་ཡོད་པ་མ་ཟད་ད་དུང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།