འབའ་ལུང་རྫོང་གིས་ལས་ཞུགས་ཚོགས་པ་གསར་པར་དེ་བས་མཛའ་མཐུན་དང་དེ་བས་སེམས་བདེ་ཡོང་བ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་།འབའ་ལུང་རྫོང་ལི་སུའུ་རིགས་རང་སྐྱོང་རྫོང་གིས་དགོས་མཁོར་བསྟུན་པ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་ཚོགས་པ་གསར་པ་དབར་མཛའ་གྲོགས་ཀྱི་རྣམ་པ་བསྐྲུན་པ་དང་། རྒྱུན་མཐུད་གྱིས་ལས་ཞུགས་ཚོགས་པ་གསར་པས་ལྷིང་འཇགས་ལས་ཀ་དང་དྲོ་སྐྱིད་འཚོ་བ་སྐྱེལ་རྒྱུར་རོགས་རམ་བྱས་པ་རེད།

        འབའ་ལུང་རྫོང་གིས་ཐོན་ཁུངས་སྡེབ་སྒྲིལ་བྱས་ཏེ་“མངག་ཚོང་སྐྱེལ་མཁན་གྱི་མཛའ་གྲོགས་སྡེ་ཁུལ་”དང་། “ཁ་ལོ་བའི་ཁྱིམ་གཞི་སོགས་མཛའ་གྲོགས་རྣམ་པ་སྣ་མང་ཧུར་ཐག་བསྐྲུན་ནས་བྱེད་ཐབས་སྣ་མང་གིས་ལས་ཞུགས་ཚོགས་པ་གསར་པ་ལ་ཁྱབ་པའི་ཕྱོགས་ཡོངས་ཀྱི་མཛའ་གྲོགས་ཞབས་ཞུའི་གཡུལ་ས་བསྐྲུན་པ་དང་།  གསར་པར་འཚམ་པའི་སྐྱེ་ཁམས་འཁོར་འབྲེལ་བཞེངས་སྐྲུན་བྱས་ཏེ་ལས་ཞུགས་ཚོགས་པ་གསར་པའི་ལས་ཀ་དང་འཚོ་བའི་དཀའ་གནད་དེ་བས་ལེགས་པའི་སྒོ་ནས་ཐག་གཅོད་བྱས།མིག་སྔའི་བར་དུ།  གྲོང་ཁུལ་གྱི་ཁྱབ་ཁོངས་ནང་ལས་ཞུགས་ཚོགས་པ་གསར་པ་དང་རྒྱ་ཆེའི་ཕྱི་རོལ་གྱི་ངལ་རྩོལ་པ་ལ་མཁོ་འདོན་བྱས་པའི་སེམས་དྲོ་བའི་ཞབས་ཞུའི་རྒྱུན་རྣམ་ཅན་གྱི་ས་ཚིགས་13ཡོད་པ་དང་།  སྐྲ་བཅོས་ཚོང་ཁང་དང་། ཟས་ཁང་།སྨན་ཚོང་ཁང་། ཁྲིམས་རྩོད་པའི་ལས་དོན་ཁང་སོགས་ཚོང་ཁང་36“གསར་པ”དྲོད་པའི་དཔུང་ཁག་ནང་བསྡུ་ལེན་བྱས་ནས་ལས་ཞུགས་ཚོགས་པ་གསར་པའི་ཞབས་ཞུའི་ཁྱབ་ཁོངས་ལེགས་སུ་གཏོང་བ།  ལམ་སྲོལ་མཛའ་གྲོགས་དང་། སྒྲིག་བཀོད་མཛའ་གྲོགས།  ཆ་འཕྲིན་མཛའ་གྲོགས།  འགན་ལེན་མཛའ་གྲོགས།  བཅོས་སྐྱོང་མཛའ་གྲོགས་བཅས་ཀྱི་ཚད་གཞི་གཞིར་བཟུང་ནས་རྒྱུན་མཐུད་ངང་ལྷོ་ལམ་སྡེ་ཁུལ་དང་པའེ་ཧོ་ཧྲན་སྡེ་ཁུལ་གྱི“མངག་ཚོང་སྐྱེལ་མཁན་གྱི་མཛའ་གྲོགས་སྡེ་ཁུལ་”གཉིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།

        འབའ་ལུང་རྫོང་གིས་དྲོད་པའི“གསར་པའི”ས་ཚིགས་ཀྱི་འབྲེལ་ཡོད་སྒྲིག་བཀོད་དང་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། དྲོད་པའི“གསར་པའི”ས་ཚིགས་སུ་ཏང་འཛུགས་སྐྱོང་དང་། ངལ་གསོ་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ་སོགས་བྱེད་ནུས་གཞི་གཅིག་ཏུ་འདུས་བར་མངོན་འགྱུར་བྱུང་བ།རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་དབྱར་ལ་བསིལ་བསིལ་དང་དགུན་ལ་དྲོ་སྐྱོ་སྐྱེལ་བ་སོགས་སེམས་ཁུར་དང་གཅེས་སྐྱོང་བྱེད་སྒོ་སྤེལ་བ།  དྲོད་པའི“གསར་པ”ཡིས་འཇུག་སྒོ་ཆུང་ཆུང་ནས་འགོ་བརྩམས་ཏེ་ཟ་ཁང་གི་གཟིགས་སྐྱོང་དང་། ཚོང་ཟོག་ཕབ་ཆ་གཅོག་པ། འཕྲལ་སྡོམ་སྨན་རྫས་ལེན་པ། གླ་ཡོན་མི་དགོས་པ་གློག་གསོག་པ། དངུལ་རྩ་བློ་འདྲི་སོགས་ཆེད་གཏོགས་ཞབས་ཞུ་མཁོ་འདོན་བྱས་ཏེ་རྒྱུན་གཏན་གྱི་འཛད་སྤྱོད་དང་། དམངས་འཚོའི་ཞབས་ཞུ། འཕྲལ་སྡོམ་འགན་སྲུང་བཅས་ལ་ཁྱབ་པའི“སྐར་མ་10ཡི་ཞབས་ཞུའི་ཁོངས”འཛུགས་རྒྱུར་སྐུལ་མ་གཏོང་བ།  སྡེ་ཁུལ་དང་། སྨན་ཁང་། ལས་རིགས་མཐུན་ཚོགས་སོགས་སྒྲིག་འཛུགས་བྱས་ནས་ལས་ཞུགས་ཚོགས་པ་གསར་པར་འོས་འགན་སྨན་བཅོས་དང་། རྩལ་ནུས་གསོ་སྦྱོང་། རྒན་རྒོན་ལ་ལྟ་སྐྱོང་། བུ་ཕྲུག་ཚབ་གཉེར་སོགས་ཆེད་ལས་ཞབས་ཞུ་མཁོ་འདོན་བྱས་པ།  མིག་སྔའི་བར་དུ་མངའ་ཁོངས་ཁག་གི་རིམ་རྩིས་གྱིས་ལས་ཞུགས་ཚོགས་པ་གསར་པར་ཞབས་འདེགས་ཞུ་མཁན་མི་ཐེངས་500ལྷག་ཙམ་ཡོད།

        དུས་མཚུངས་སུ།འབའ་ལུང་རྫོང་གིས་ལས་ཞུགས་ཚོགས་པ་གསར་པས་སྲང་ལམ་དུ་འགྲོ་རྒྱུ་དང་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པའི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྒྱ་ཆེའི་ལས་ཞུགས་ཚོགས་པ་གསར་པ་གྲོང་ཁྱེར་གཞི་རིམ་གྱི་བཅོས་སྐྱོང་ནང་ཞུགས་རྒྱུར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་པ་དང་། ཁོང་ཚོ་སྡེ་ཁུལ་ཀྱི་དང་བླངས་ཞབས་ཞུ་དང་། བདེ་འཇགས་ལ་གནོད་པའི་རྐྱེན་རྩ་ཞིབ་བཤེར། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ་ལས་ཞུགས་ཚོགས་པ་གསར་པ་ཞབས་ཞུ་བྱ་ཡུལ་ནས་བཅོས་སྐྱོང་སྟོབས་ཤུགས་སུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།མིག་སྔའི་བར་དུ་ལས་ཞུགས་ཚོགས་པ་གསར་པ་120སྡེ་ཁུལ་དུ་འབྱོར་ཐོ་འགོད་པ།  མི་15སྡེ་ཁུལ་གྱི་དྲ་མིག་འགོ་དཔོན་བྱས་ཡོད།  ད་ལོ་ནས་བཟུང་དྲ་མིག་འགོ་དཔོན་གྱིས་ཁྱོན་བཅོས་སྐྱོང་ཁུངས་སྣེ་20ཡར་ཞུ་ཡོད་དེ་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་སྡེ་ཁུལ་གྱི་མེ་གསོད་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་6གཞོགས་འདེགས་གྱིས་ཐག་གཅོད་བྱས་ནས་ལས་ཞུགས་ཚོགས་པ་གསར་པས་གཞི་རིམ་ལ་ཞབས་འདེགས་ཞུ་བའི“སྐོར་སྐྱོད་སྟོབས་ཤུགས་གསོན་པའི་དམག་རྒྱུར”གྱུར་ཡོད།