སྟག་མཆོང་གྲོག་རོང་ནས་བྱེད་སྒོ་འདི་འདྲ་ཞིག་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་10ཚེས་7ཉིན།འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་རིམ་སྤེལ་བྱེད་སྒོའི་ཁྲོད་ཀྱི་2025སྟག་མཆོང་གྲོག་རོང་མཐར་ཟད་བྱེས་བགྲོད་འགྲན་བསྡུར་དངོས་སུ་འགོ་ཚུགས། ད་རེས་ཀྱི་འགྲན་བསྡུར་ནི་ཁུལ་སློབ་གསོ་ལུས་རྩལ་ཅུས་དང་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་།སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ཡུལ་སྐོར་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་ཧྲང་ཧའེ་ཧྥེ་ཤིན་ལུས་རྩལ་ཚད་ཡོད་ཀུང་སིས་མཉམ་དུ་གཉེར་འགན་ཁུར་ནས“འཛམ་གླིང་རིམ་པའི་གྲོག་རོང་མཛེས་ལྗོངས”ལྟེ་བར་བྱས་པའི་ཁྱད་ཆོས་ལ་ཆེད་ལས་དང་སྤྱི་དམངས་ཕྱོགས་གཉིས་དང་འཚམ་པའི་བྱེས་བགྲོད་འགྲན་བསྡུར་གྱི་སྟེགས་བུ་བཏོད་ནས“རིག་གནས་དང་ལུས་རྩལ།ཡུལ་སྐོར”བཅས་ཟུང་འབྲེལ་གཏིང་ཟབ་ཡོང་རྒྱུར་རམ་འདེགས་བྱས་ཏེ་སྟག་མཆོང་གྲོག་རོང་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཆེ་རུ་གཏོང་རྒྱུ་རེད།

     

    ད་ཐེངས་ཀྱི་བྱེས་བགྲོད་འགྲན་བསྡུར་ལ་TP40ཚོགས་ཆུང་དང་།TS30ཚོགས་ཆུང་།TG15ཚོགས་ཆུང་བཅས་འགྲན་བསྡུར་ཚོགས་ཆུང་ཆེ་གྲས་གསུམ་བཀོད་སྒྲིག་བྱས་ཏེ་ཆུ་ཚད་མི་འདྲ་བའི་བྱེས་བགྲོད་རྒྱུག་ཤར་ལ་དགའ་པོ་བྱེད་མཁན་ཚང་མ་ཚུད་པ་དང་། འགྲན་ལམ་སྟག་མཆོང་གྲོག་རོང་གི་ས་བབ་བརྒྱུད་དེ་གངས་རི་དང་སྤང་ལྗོངས།གྲོག་རོང་སོགས་ཀྱི་མཛེས་ལྗོངས་དང་འབྲེལ་ནས་ཡོད་པས།འགྲན་ཞུགས་པས་ལུས་རྩལ་གྱི་ནུས་པའི་ཚད་གཞི་དང་འགྲན་པའི་དུས་མཚུངས་སུ་མཛེས་ལྗོངས་གཅིག་རེ་གཅིག་རེ་བྱས་ནས་མཐོང་ཐུབ་པ་དང“ལུས་རྩལ་འགྲན་བསྡུར་དང་རང་བྱུང་ལྗོངས་རྒྱུ་ཟུང་དུ་འབྲེལ་བའི”མྱོང་རོལ་གཉིས་ཀ་བྱེད་ཐུབ་པ་རེད། 

     

    རང་ཁུལ་གྱི་ཐོན་ལས་མཉམ་འདྲེས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་བྱེས་བགྲོད་འགྲན་བསྡུར་ནི་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་དུ“ལུས་རྩལ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་མཛེས་ལྗོངས་ཁུལ་གྱིས་ཆུ་ཚད་མཐོ་བའི་ཕྱི་རོལ་འགྲན་བསྡུར་ནང་འདྲེན་བྱས་ནས་རི་ཁུལ་གྱི་ཐོན་ཁུངས་གཏིང་ཤུགས་འདོན་སྤེལ་བྱས་ཏེ། ཡུལ་སྐོར་གྱི་གནས་ཚུལ་དེ་སྲོལ་རྒྱུན་གྱི་ལྟ་སྐོར་བྱེད་པ་ནས་ཉམས་ལེན་གཏིང་ཟབ་བྱེད་པར་སྒྱུར་བར་སྐུལ་འདེད་བཏང་ཡོད།