འདིར་བུ་གསོའི་ཁ་གསབ་རེ་ཞུ་དང་འབྲེལ་བའི་ཆ་འཕྲིན་གལ་ཆེན་ཞིག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-08   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

        གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་2ཉིན་བར། རིམ་རྩིས་བྱས་ན་རྒྱལ་ཡོངས་སུ་བུ་གསོའི་ཁ་གསབ་རེ་ཞུའི་ཆ་འཕྲིན་ཁྲི་2881.4འབྱོར་བའི་ནང་ཆ་འཕྲིན་ཁྲི་1555.3གཏན་འཁེལ་བྱས་ཟིན་པ་རེད། 

        རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བུ་གསོའི་ཁ་གསབ་རེ་ཞུ་དང་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་བཏང་སྟེ། གཏོང་སྤྲོད་འབོ་དང་། སྐད་འཕྲིན། ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་ལས་སྟེགས། དེ་བཞིན་དྲ་མིན་ཞབས་ཞུའི་སྐར་ཁུང་བཅས་བརྒྱུད་མང་ཚོགས་ཀྱིས་གོ་རིམ་ལྡན་པའི་ངང་རེ་ཞུ་བྱེེད་པར་ཁྲིད་སྟོན་བྱས་པ་དང་སྦྲགས། གཞི་གྲངས་ཆེན་མོ་གང་ལེགས་སྤྱད་དེ་ཞིབ་བསྡུར་བྱས་ནས་ཞིབ་དཔྱད་ཀྱི་ལས་ཆོད་ཆེ་རུ་བཏང་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གིས་བཀྲམ་པའི《བུ་གསོའི་ཁ་གསབ་ལམ་ལུགས་དོ་དམ་ཚད་གཞི(ཚོད་ལྟའི་ལག་བསྟར)》གཞིར་བཟུང་། རྩ་དོན་ཐོག་ལས་ཀའི་ཉིན་30ཡི་ནང་ཞིབ་དཔྱད་ཟིན་ཏེ་དུས་ཚིགས་རེར་གཅིག་སྡུད་ངང་ཁག་ཐེངས་གཅིག་ལ་སྤྲོད་ཀྱི་ཡོད། ས་གནས་ཁག་གིས་ཀྱང་བུ་གསོའི་ཁ་གསབ་མ་དངུལ་སྤྲོད་པར་དམ་འཛིན་བྱས་ནས་བུ་གསོའི་ཁ་གསབ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད། 

        གཞུང་ཕྱོགས་ནས་དྲན་སྐུལ་བྱས་དོན། 

        ཉེ་ཆར། ས་ཆ་ཁ་ཤས་ལ་བུ་གསོའི་ཁ་གསབ་ལེན་པའི་མིང་ཐོག་ནས་ཁ་བསླུས་རྒྱག་པའི་གནས་ཚུལ་ཐོན་འདུག་པས། དྲན་སྐུལ་ཞུ་རྒྱུར། གཏོང་སྤྲོད་འབོ་དང་། སྐད་འཕྲིན་གྱི“བུ་གསོའི་ཁ་གསབ་ལེན་པའི”བྱ་རིམ་ཆུང་ངུ་། ཞིང་ཆེན་ཁག་གི་སྲིད་དོན་ཞབས་ཞུའི་བྱ་རིམ་ཆུང་ངུ་བཅས་ནི་བུ་གསོའི་ཁ་གསབ་ཀྱི་རེ་འདུན་ཞུ་ཡུལ་དང་འདྲི་རྩད་བྱ་ཡུལ་ཚད་ལྡན་ཡིན་པ་དང་། བུ་གསོའི་ཁ་གསབ་རེ་ཞུར་གྲོན་དངུལ་གང་ཡང་སྤྲོད་དགོས་ཀྱི་མེད། དེས་ན་Appདང་། སྦྲེལ་མཐུད། རྩ་གཉིས་ཨང་རྟགས་གཞན་དག་ཁ་འབྱེད་མི་རུང་ལ། མི་གཞན་གྱི་ཁ་པར་འབྱོར་བ་དང་ལྷག་དོན་དུ་རྒྱལ་ཁོངས་ཕྱིའི་ཁ་པར་འབྱོར་ཚེ་བདེན་རྫུན་དབྱེ་བ་ཡག་པོ་ཕྱེ་ནས། རང་དགར་ཡིད་མི་ཆེས་པ་དང་། དངུལ་མི་བསྒྱུར་བ། དངུལ་ཁང་གཱའི་གསང་བའི་ཨང་རྟགས་དང་ར་སྤྲོད་ཨང་རྟགས་གཞན་ལ་མི་སྐུར་བ་བཅས་བྱེད་དགོས།