གུང་གསེང་རིང་རྡོ་མཁར་རྫོང་གིས་ཞབས་ཞུའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན།
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་གུང་གསེང་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གིས་སྡེ་ཚན་མང་པོ་མཉམ་འགུལ་བྱས་ནས་ལས་རེས་དང་དང་བླངས་པས་སེམས་དྲོད་མོ་ངང་བཅའ་སྡོད་བྱས་ཡོད་ལ། ཁོང་ཚོས་རྔུལ་ཆུ་དང་སྤྲོ་སེམས་ལ་བརྟེན་ནས་ཞབས་ཞུའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་བདེ་འཇགས་དང་། སྤྲོ་སྐྱིད། ཞི་བདེ་བཅས་ཀྱི་ཁོར་ཡུག་ཁྲོད“དུས་ཆེན་གཉིས”ཀྱི་མཛེས་སྡུག་ལྡན་པའི་དུས་ཚོད་ལོངས་སུ་སྤྱོད་དུ་བཅུག་པ་རེད།