རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་གུང་གསེང་བསྟུད་མར་བཏང་ཡོང་སྟེ། སེམས་ཀྱི་ཉི་ཟླར་ཡུལ་སྐོར་བ་དང་རླངས་འཁོར་འགྲོ་འོང་མང་བའི་མཐོ་རླབས་ཤིག་བསུ་ཡོང་བ་རེད། དུས་ཆེན་རིང་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པ་དང་ཐོན་སྐྱེད་འཚོ་བ་གོ་རིམ་ལྡན་པའི་ངང་སྐྱོད་ཐུབ་ཆེད། ས་གནས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་དང་གློག་ཤུགས་མཁོ་འདོན། འགྲིམ་འགྲུལ་ལྟེ་བ་སོགས་སྡེ་ཚན་གྱིས་སྔོན་ཚུད་ནས་ཇུས་གཞི་འདིང་བ་དང་ལས་མི་ཚང་མས་ལས་གནས་བརྟན་སྲུང་བྱས་ཏེ་དུས་ཆེན་རིང་གི་ཞབས་ཞུ་འགན་ལེན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་དང་མིག་སྔའི་འཁོར་རྒྱུག་གི་རྣམ་པ་བརྟན་པོའི་ངང་ལེགས་སུ་འགྲོ་བཞིན་ཡོད་པ་རེད།
འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་པ་ཡོངས་ལ་སྐུལ་སློང་བྱས་ཏེ་“དུས་བདེའི་ལམ་བུར”ལྟ་སྐུལ་དོ་དམ་དང་སྲུང་སྐྱོང་བྱས་པ།
ཟླ་10ཚེས་3ཉིན་གྱི་སྔ་དྲོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་འཛུལ་སྒོར་རླངས་འཁོར་འཚང་ཁ་ཆེ་བའི་ཁྲོད་གྲོང་ཁྱེར་དོ་དམ་འབྲིང་རིམ་རུ་ཁག་གི་གྲོང་བྱང་ཡན་ལག་རུ་ཁག་གི་རུ་དཔོན་ལིའུ་གོ་ཤུན་གྱིས་གོ་རིམ་ལྡན་པའི་ངང་འགྲོ་འོང་རླངས་འཁོར་ལ་ལམ་སྟོན་བྱས་བྱེད་བཞིན་ཡོད་ལ། ཁོང་གིས་སྦག་སྦག་འཁོར་ལོའི་ཁ་ལོ་བས་ཞྭ་མོ་གྱོན་མེད་པ་མཐོང་རྗེས་འཕྲལ་དུ་བཀག་ནས་ངང་རྒྱུད་རིང་པོས་ཡུལ་སྐོར་བར་ས་མཐོའི་རྐང་འཁོར་བཞོན་པའི་བདེ་འཇགས་ཉེན་ཁ་སྐོར་བརྗོད་བྱས་པ་རེད། འདི་ནི་ཁོང་གིས་རྒྱལ་སྟོན་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་པའི་ཉིན་གསུམ་པ་ཡིན་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ་རུ་དཔོན་གཞོན་པ་དབྱང་ཞའོ་ཤུན་གྱིས་བརྙན་ལམ་ལ་ལྟ་བཞིན་དུས་ཐོག་ཏུ་འགྲིམ་འགྲུལ་གཙོ་གནད་དོ་དམ་ཚོད་འཛིན་བྱ་ཡུལ་ཁག་གི་ཉེན་རྟོག་པ་བཀོད་གཏོང་བྱས་པ་རེད།ངོ་སྤྲོད་བྱས་པ་ལྟར་ན།ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་དང་ཁུལ་དང་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རུ་ཆེན་གྱིས“དུས་ཆེན་གཉིས”རིང་གི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་གྱི་ཆེད་དོན་ཇུས་གཞི་བཟོས་ནས། ཟླ་10ཚེས་1ནས་ཚེས་8ཉིན་བར་ཉིང་ལག་ཉེན་རྟོག་པ་བསྐོངས་ཏེ་ཤང་གྲོང་གི་གཙོ་གནད་ཁུལ་དུ་བཅའ་སྡོད་བྱས་ཏེ་ལས་གནས་བརྟན་སྲུང་བྱེད་པ་དང་གཙོ་གནད་ཐོག་མཛེས་ལྗོངས་ཁུལ་དང་།ཚོང་ཁུལ།སྨན་ཁུལ་སོགས་མི་མང་འདུ་འཛོམས་བྱ་ཡུལ་ལ་དམིགས་ནས་ལས་དོན་ཚོགས་ཆུང་ལྔ་བཙུགས་ཏེ་ཁུལ་གྱི་གནས་ཡུལ་གསལ་པོ་ཤེས་པ་བྱས་ནས་དུས་གཅིག་ཏུ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་ཚོད་འཛིན་ཚོགས་ཆུང་དང་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཚོགས་ཆུང་མཉམ་འགུལ་བྱས་ཏེ། “གནས་གཏན་འཁེལ་གྱི་ལས་སྒྲུབ་པ་དང་།འགུལ་སྐྱོད་ཞིབ་བཤེར།ཚན་རྩལ་བཀོད་གཏོང”བཅས་ཀྱི་ལག་ལེན་དཔེ་མཚོན་རང་བཞིན་གྱི་འགྲིམ་འགྲུལ་འགན་ལེན་གྱི་བྱ་ཐབས་བཙུགས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་དམིགས་བསལ་དྲན་སྐུལ་བྱས་དོན། དུས་ཆེན་རིང་གཙོ་གནད་ལམ་དུམ་སྐོར་ཞིབ་དོ་དམ་ཚོད་འཛིན་བྱ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བས་ཕྱིར་སྐྱོད་ལམ་ཐིག་སྔ་སྣུར་དུ་འཆར་འགོད་བྱེད་པ་དང་འགྲིམ་འགྲུལ་སྒྲིག་སྲོལ་ལ་རང་འགུལ་ངང་བརྩི་སྲུང་ཞུ་དགོས་པའི་གྲོས་འགོ་བཏོན་པ་རེད།
བྱེད་ཐབས་སྣ་མང་སྤྱད་ནས་དུས་ཆེན་རིང་གི་གློག་འདོན་བདེ་འཇགས་ལ་ཁག་ཐེག་བྱས།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་འཆར་ཉེའི་མཚམས་སུ་བདེ་ཆེན་སེམས་ཀྱི་ཉི་ཟླ་གློག་འདོན་ཅུས་ཀྱིས་དུས་ཆེན་རིང་གི་གློག་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། དུས་ཆེན་རིང་གློག་སྤྱོད་ཚད་མང་དུ་འགྲོ་བའི་ཁྱད་ཆོས་ལ་དམིགས་ཏེ་གློག་མཁོ་སྤྲོད་ཅུས་ཀྱིས་གནའ་གྲོང་གློག་ཤུགས་སྒྲིག་ཆས་སྐོར་གཟིགས་ཚོགས་ཆུང་བཙུགས་ནས་གློག་སྤྱོད་མང་ཤོས་ཀྱི་དུས་སུ་ཁོངས་གཏོགས་ཁུལ་གྱི་སྐུད་ལམ་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཚ་ཚད་འཇལ་བ་དང་ཞིབ་བཤེར་བྱེད་པ་དང་། སྐྱོན་ཤོར་ཉེན་ཁ་ཡོད་རིགས་སྔོན་ཚུད་ནས་གྲལ་བཤེར་བྱེད་པ་དང་འབྲེལ་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་། སྒྲིག་ཆས་ཞིབ་བཤེར་བཟོ་བཅོས་མི་སྣ་ཚོགས་ཆུང་2ཀྱིས་གནའ་གྲོང་གློག་ལམ་སྲུང་སྐྱོང་བྱ་རྒྱུའི་འགན་འཁུར་བ། མྱུར་བཟོ་མི་སྣ་ཚོགས་ཆུང་3གྱིས་ཉིན་མཚན་དབྱེར་མེད་དུ་ལས་ཀ་བྱེད་པ། གློག་གཏོང་རླངས་འཁོར་5འཕྲལ་སྡོམ་གློག་ཁུངས་གྲ་སྒྲིག་བྱས་ནས་གློག་མཁོ་སྤྲོད་ལ་འགན་ལེན་ཏན་ཏིག་བྱས་ཡོད།
གཞན་ཡང་གློག་འདོན་ཅུས་ཀྱིས་ད་དུང་ཁོངས་གཏོགས་ཁུལ་གྱི་གློག་དྲའི་དམའ་གནོན་སྐུད་ལམ་དང་གློག་འདོན་སྒྲིག་ཆས་ལ་ཁྱོན་ཡོངས་ནས་བདེ་འཇགས་ཞིབ་བཤེར་བྱས་པ་དང་།གནད་དོན་གྲལ་བཤེར་བྱུང་རིགས་དུས་ཐོག་ཏུ་བཅོས་སྒྲིག་གནད་ལ་འཁེལ་བ་བྱས་པ། 95598གློག་འདོན་ཞབས་ཞུའི་ཐད་འབྲེལ་ཁ་པར་གྱི་ལས་རེས་སྒྲིག་ལམ་ལ་ཤུགས་སྣོན་ནན་པོ་བརྒྱབ་ནས་མང་ཚོགས་ཀྱིས་གསར་བརྗེ་ཆེད་སྒྲིག་ཁ་པར་གཏོང་བའི་ཐབས་ལམ་ཆུ་ཚོད་24རིང་སྐུད་སྣེ་ན་ཡོད་པ་འགན་ལེན་བྱས་ལ། ཁོངས་གཏོགས་ཁུལ་ནང་གི་གློག་སྤྱོད་དུད་ཚང་ཆེ་གྲས་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་དེ་དག་གི་དུས་ཆེན་གྱི་གློག་སྤྱོད་དགོས་མཁོ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ནང་ཁུལ་གྱི་གློག་སྤྱོད་བདེ་འཇགས་ཞིབ་བཤེར་ལས་དོན་ཡག་པོ་སྤེལ་རོགས་བྱས་པ་བརྒྱུད“སྐོར་ཞིབ་འགོག་ཟོན་དང་།འཕྲལ་སྡོམ་མྱུར་བཟོ།སྙིང་ཉེའི་ཞབས་ཞུ”བཅས་ཀྱི་ཕྱོགས་མང་གི་གློག་འདོན་འགན་ལེན་བྱེད་ཐབས་བརྒྱུད་གློག་འདོན་ཅུས་ཀྱིས་གློག་འདོན་བློས་འགེལ་བརྟན་པོ་དང་།འཕྲལ་སྡོམ་མྱུར་བཟོ།གློག་སྤྱོད་བདེ་འཇགས་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ཏེ་མང་ཚོགས་ཚོའི་དུས་ཆེན་རིང་གི“བློས་འགེལ་གློག་དང་།སེམས་སྐྱིད་པའི་གློགཡིད་ཚིམ་པའི་གློག”བེད་སྤྱོད་ཐུབ་རྒྱུའི་འགན་ལེན་བྱས་ཡོད།
འགྲིམ་འགྲུལ་རྒྱུག་ཐེངས་མང་དུ་བཏང་ནས་འགྲུལ་སྐྱོད་ཀྱི་དཀའ་གནད་སེལ་བ།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་བདེ་ཆེན་ཁུལ་གྱི་མཁའ་འགྲུལ་དང་།ལྕགས་ལམ།གཞུང་ལམ་བཅས་འགྲིམ་འགྲུལ་དྲ་བ་ཆེ་གྲས་གསུམ་པོས་རེས་འཁོར་དང་པོའི་འགྲུལ་པ་མང་ཤོས་ཀྱི་ཉམས་ཚོད་བཟོད་ཐུབ་པ་དང་།སྤྱི་ཡོངས་ཀྱི་འཁོར་རྒྱུག་སྒྲིག་ལམ་བརྟན་པོ་དང་འགྲུལ་པའི་འགྲུལ་བཞུད་ཀྱི་ཉམས་སྣང་ལེགས་པོ་བྱུང་ཡོད།
མཁའ་འགྲུལ་སྐྱེལ་འདྲེན་ཐད་སེམས་ཀྱི་ཉི་ཟླ་གནམ་ཐང་གི་གནམ་གྲུ་གཏོང་ཚད་དང་འགྲུལ་པ་སྡོད་ཚད་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོད་པ་དང་།གུང་གསེང་མ་བཞག་གོང་གི་ཉིན་གཉིས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན།ཟླ་10ཚེས་1ཉིན་གནམ་གྲུ་ཐེངས་16དངོས་སུ་གཏོང་བ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་1411ཟིན་པ་དང་ཆ་སྙོམས་འགྲུལ་པ་སྡོད་ཚད་66.27%ཟིན་པ་དང་།ཟླ་10ཚེས་2ཉིན་གནམ་གྲུ་ཐེངས་18དངོས་སུ་གཏོང་བ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་1554བར་བརྟན་པོའི་ངང་འཕར་བ་དང་ཆ་སྙོམས་འགྲུལ་པ་སྡོད་ཚད་65.48%ཟིན་པ།ཉིན་གཉིས་ཀྱི་ཟོག་འདྲེན་བྱེད་ཚད་ཏུན་1.365དང་ཏུན་0.517སོ་སོར་ཟིན་པ་ཚང་མར་ཁུན་མིང་བརྒྱུད་བསྐོར་བའི་ཟོག་འདྲེན་ལས་སྒོ་མེད་པ་རེད།
ལྕགས་ལམ་སྐྱེལ་འདྲེན་ཐད།སེམས་ཀྱི་ཉི་ཟླ་བབས་ཚུགས་ནས་འགྲུལ་པ་སྐྱེལ་བའི་རྣམ་པ་རྒྱུན་མཐུད་ངང་ཡག་པོ་ཡོད་པ་དང་།བབས་ཚུགས་ཀྱི་འགྲུལ་སྐྱེལ་མི་སྣ་ལི་ཝུན་ཆི་ཡིས་ཟླ་10ཚེས་1དང་2ཉིན་གཉིས་ལ་བབས་ཚུགས་སུ་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1ཙམ་སླེབས་པ་དང་ཆ་སྙོམས་འགྲུལ་པ་མི་ཐེངས་6000ཙམ་སྐྱེལ་འདྲེན་བྱས་ཡོད།འགྲུལ་པའི་འགྲོ་སྐྱོད་ཉམས་ལེན་སྔར་བས་ཡག་པོ་ཡོང་ཆེད་བབས་ཚུགས་ཀྱིས་བབས་ཚུགས་སུ་བསྐྱོད་སའི་བགྲོད་ལམ་སྔ་སྣུར་དུ་ལེགས་སྒྲིག་བྱས་ཏེ་ཞིབ་བཤེར་དང་།སྤ་སེ་དོ་དམ།འབབ་ཚུགས་སྟེགས་བུ་སོགས་ལས་གནས་གལ་ཆེན་ལ་ལས་དོན་མི་སྣ་མང་དུ་བཏང་ནས་ཁྲིད་སྟོན་ཞབས་ཞུར་ཤུགས་སྣོན་བརྒྱབ་ཡོད།
གཞུང་ལམ་སྐྱེལ་འདྲེན་ཐད་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གུང་གསེང་མ་བྱས་གོང་གི་ཉིན་གཉིས་རིང་རླངས་འཁོར་མང་པོ་ཤར་གཏོང་ཐུབ་པ་དང་།ཟླ་10ཚེས་1ཉིན་ཤར་གཏོང་ཐུབ་པའི་རླངས་འཁོར་ཐེངས་13963ཟིན་པ་དང་ཟླ་10ཚེས་2ཉིན་ཤར་གཏོང་ཐུབ་པའི་རླངས་འཁོར་ཐེངས་13824ཟིན་ཡོད་པ་རེད། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་འགྲོ་སྐྱོད་ཀྱི་དྲན་སྐུལ་བྱས་དོན།ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བས་དུས་ཐོག་གི་ལམ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་བདེ་འཇགས་ཀྱི་རླངས་འཁོར་བར་ཐག་དང་མྱུར་ཚད་ལ་སྲུང་སྐྱོང་བྱས་ཏེ་རླངས་འཁོར་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
མིག་སྔར་རྒྱལ་སྟོན་གུང་གསེང་གི་དུས་མཇུག་ཏུ་སླེབས་ཉེར་ཡོད་པས།འགྲིམ་འགྲུལ་འགན་སྲུང་སྡེ་ཚན་ཁག་གིས་དོ་དམ་ནན་པོ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཕྱིར་ལོག་འགྲུལ་པ་མང་ཤོས་ཀྱི་སྐབས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱ་ཆེའི་འགྲུལ་པ་བདེ་འཇགས་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།