རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
གོང་གསེང་རིང་རྡོ་མཁར་རྫོང་དུ་འཁྲུག་ཆ་དོད་པོ་ཡོད་ལ།ཉིན་ལྟར་གྱི་ས་སྲོད་དུས་ཕྱོགས་བཞིའི་ཡུལ་སྐོར་བ་གནའ་བོའི་གྲོང་ཁྱེར་གྱི་དུ་བ་དང་བསྟུན་ནས་ཡོང་བ་དང་། དུང་འཁོར་ཆེན་པོའི་མདུན་དང་སྲང་ལམ་དུ་ཡུལ་སྐོར་བས་ཁེངས་ཡོད། མཚན་མོའི་རྡོ་མཁར་རྫོང་དུ་སྐྱིད་ཉམས་དང་མི་རིགས་ཀྱི་རྒྱུན་སྲོལ་མཉམ་དུ་འདྲེས་ནས་མཐོ་སྒང་གི་གནའ་གྲོང་གི་གསོན་ཉམས་ལྡན་པའི་རི་མོ་ཞིག་བྲིས་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་རེ་ལྕག་མེ་ཏོག་རྣམ་པ་བཀྲ་བ་དང་།རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་ཡིས་གཱ་ཐོ་འགོད་ཡོད། སྤང་ཐང་སྟེང་གི་རེ་ལྕག་མེ་ཏོག་དང་རྒྱང་རིང་གི་གངས་རི། གནམ་སྔོན་པོ་དང་སྤྲིན་དཀར་པོ་སོགས་ཕན་ཚུན་རྒྱན་སྤྲས་བྱས་ནས་ཡིད་དུ་འོང་བའི་རྣམ་པ་ཆགས་ཡོད།