མི་རིགས་མཐུན་སྒྲིལ་གྱིས་རྒྱལ་སྟོན་དུས་ཆེན་ལ་རོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་10ཚེས་1ཉིན་དགོང་མོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་གྱི་གློག་འོད་འཚེར་འཚེར་དང་རྒྱལ་དར་ལྷབ་ལྷེབ་གཡོ་བཞིན་ཡོད་ལ།  ཡུན་ནན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གར་སྟེགས་ཆེན་པོའི་སྐབས་གཉིས་པའི་མུ་འབྲེལ་བྱེད་སྒོ་དང་2025ལོའི་“ཡུན་ནན་ཞབས་བྲོའི་ང་ཚོས་མཉམ་དུ་འཁྲབ་”དང་“ཡུན་ནན་དང་འཕྲད་པ”མཚན་མོའི་མི་རིགས་ཁྱད་ཆོས་ལྡན་པའི་ཐང་ཆེན་ཞབས་བྲོ་དང་དུས་མཉམ་དུ་འགོ་ཚུགས་པ་རེད། མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བས་ལག་ཏུ་རྒྱལ་དར་བཟུང་ནས་མགྲིན་གཅིག་ཏུ་རྒྱལ་གླུ་བླངས་ཤིང་། མཐུན་པའི་ལག་གདང་སྦྲེལ་ནས་མཉམ་དུ་ཞབས་བྲོ་འཁྲབ་ལ།  སྤྲོ་སྣང་གི་ཁོར་ཡུག་ཁྲོད་མཉམ་དུ་རྒྱལ་སྟོན་དུས་ཆེན་ལ་རོལ་བ་རེད།