རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-28   རྩོམ་ཁུངས།    སེམས་ཀ྄ི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9ཚེས་26ཉིན་དགོང་མོར། སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་པོའི་ནང་གློག་འོད་རབ་ཏུ་འཚེར་བ་དང་། ཐལ་མོའི་རྡེབ་སྒྲས་གནམ་ས་འགེངས། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་བྱེད་སྒོ་གལ་ཆེན་གྲས་ཀྱི་གྲས་ཤིག་ཡིན་པའི་གསར་གཏོད་མི་རིགས་གླུ་གར་ཟློས་གར《ལོ་ངོ་སྟོང་གི་ལན་ཆ》ཞེས་པ་སེམས་ཀྱི་ཉི་ཟླ་ནས་ཐོག་མའི་འཁྲབ་སྟོན་འཚོགས་པ་དང་རིག་གནས་ཡུལ་སྐོར་དུས་ཆེན་ནང་ཞུགས་མཁན་སྐུ་མགྲོན་དང་ས་གནས་ས་ཐོག་གི་ལྟད་མོ་བ་ཚོས་ཐུན་མོང་ཐོག་གངས་ལྗོངས་ཀྱི་རིག་གནས་དང་སྒྱུ་རྩལ་གསར་གཏོད་མཉམ་དུ་འདྲེས་པའི་དགའ་སྟོན་འདི་ལ་རོལ་མྱོང་བྱས་ཡོད།