མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་9ཚེས་25ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཤིང་།ཚོགས་འདུའི་ཐོག་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་དཔེ་སྟོན་ཁུལ་ཞིག་ཧུར་ཐག་གཏོད་པ་བཅས་བྱེད་དགོས་པ་བཅས་ནན་བཤད་བྱས་པ་རེད།

    ཁུལཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཕུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་།

    ཁུལཨུའི་ཧྲུའུ་ཅི་གཞོན་པ། ཁུལདཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ལ། ཁུལཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་གྱིསཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབསསྒྲོག་སྦྱངས་གནང་བ། ཐུན་མོང་དཔེ་བཟང་30དང་མི་སྒེར་དཔེ་བཟང་50ལ་གཟེངས་བསྟོད་ཐོབ་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་མཐུན་མོང་དཔེ་བཟང་དང་མི་སྒེར་དཔེ་བཟང་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

    ཚོགས་འདུའི་ཐོག་ལོ་ལྔའི་རིང་།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་དོན་ཁག་གི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་བརྟན་པོ་ཡོང་བ་དང་།འཕེལ་རྒྱས་ལ་བརྟེན་ནས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ།བརྟན་པོ་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བཅས་བརྟན་ལྷིང་བཞི་དམ་འཛིན་ཏན་ཏིག་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་ཡང་དག་གསར་གཏོད་ཁྲོད་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་བསྟན་ཡོད་པ་རེད།

    ཚོགས་འདུའི་ཐོག་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་།རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་སྤྱི་ཡོངས་ནས་དོན་འཁྱོལ།“བློ་སྦྱོང་”འདུ་འགོད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ།“ལྟ་བརྒྱད་སྡུར་ལྔའི”བྱེད་སྒོ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི“བློ་སྦྱོང་ཕྱོགས་མཚུངས”ཀྱི་བསམ་བློའི་སློབ་གསོའི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་ནས། དབྱེ་འབྱེད་དང་རྒྱ་ཁྱབ་ནུས་ལྡན་པའི་ཀྲུང་ཧྭ་རིག་གནས་ཀྱི་མཚོན་རྟགས་མ་ལག་ཁག་གཅིག་གཏོད་པར་སྐུལ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལྡན་པའི་བསམ་བློའི་ངོས་འཛིན་གཅིག་མཐུན་སྲ་བརྟན་དང་གཅིག་སྒྲིལ་ཡོང་བ་བཅས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་།ཞིང་པའི་འབབ་འཕར་དང་དམངས་འཚོ་ལེགས་གཏོང་གི“རྩོམ་ཡིག་གཉིས”མུ་མཐུད་ལེགས་པར་འབྲི་བ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལྡན་པའི་དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་།ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་།སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ།འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར།མི་རིགས་ལས་དོན་སྡེ་ཚན་གྱིས་འགན་འཁྲི་ལག་བསྟར།སྡེ་ཚན་ཁག་གིས་མཉམ་ལས་ཧུར་ཐག་བྱེད་པ།སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཀོག་པ་ལྟར་བཞད་པ་བྱེད་དགོས་པ་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་དང་།ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་།སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ།འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར།མི་རིགས་ལས་དོན་སྡེ་ཚན་གྱིས་འགན་འཁྲི་ལག་བསྟར།སྡེ་ཚན་ཁག་གིས་མཉམ་ལས་ཧུར་ཐག་བྱེད་པ།སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཀོག་པ་ལྟར་བཞད་པ་བྱེད་དགོས་པ་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་གི་གྲོས་འགོའི་ཡི་གེ་སྒྲོག་སྦྱངས་བྱས་པ་དང་གཟེངས་བསྟོད་ཐོབ་པའི་མཚོན་བྱེད་རང་བཞིན་གྱི་བྱ་གཞག་སྤེལ་རེས་ཀྱི་གཏམ་བཤད་གནང་བ་དང་།ཁུལ་ཨུའི་རྒྱུན་ཨུ་དང་།འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད།ཁུལ་རིམ་པའི་སྡེ་ཚན་ཁགཁུལ་དུ་བཅའ་སྡོད་བྱས་ཡོད་པའི་ཞིང་ཆེན་གྱི་སྡེ་ཚན།  དམག་མི་དང་ཉེན་རྟོག་དཔུང་སྡེར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན།གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།