རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-28   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཝུའུ་ལུའུ་མུའུ་ཆི་རུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས། ཟླ་9ཚེས་25ཉིན་གྱི་ཉིན་དགུང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ལོག་ཕེབས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ཝུའུ་ལུའུ་མུའུ་ཆིའི་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐྱེལ་ལ་བཅར་བའི་མི་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཝུའུ་ལུའུ་མུའུ་ཆི་རུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྗེས།
ཚེས་25ཉིན་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ལོག་ཕེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཝང་ཧུའུ་ཉིང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཚེས་25ནས་28ཉིན་བར་ཤིན་ཅང་གི་ས་གནས་ཁག་ཏུ་ཕེབས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་འཚམས་འདྲི་གནང་རྒྱུ་རེད།
ཞི་ཅིན་ཕིང་ཤིན་ཅང་ནས་ཞལ་གྱེས་སྐབས། མི་རིགས་ཁག་གི་མང་ཚོགས་ཚོ་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁུལ་འགྲོ་ལམ་གྱི་གཡས་གཡོན་གཉིས་སུ་འཛོམས་ཏེ་ལག་ཏུ་དར་དམར་ཁྱེར་ནས། སྤྱི་ཁྱབ་ཧྲུའུ་ཅིར་དགའ་འབོད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་སེམས་གཏིང་ནས་བཅངས་པའི་དགའ་གུས་གང་ལེགས་མཚོན་པར་བྱས་ཡོད། ཝུའུ་ལུའུ་མུའུ་ཆིའི་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་མི་རིགས་ཀྱི་གོས་རྒྱན་གྱོན་པའི་མི་རིགས་ཁག་གི་མང་ཚོགས་ཚོས་དགའ་བའི་ཞབས་བྲོ་འཁྲབ་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཚོར་སེམས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་གསར་པ་འཛུགས་སྐྲུན་གྱི་ཡིད་ཆེས་བརྟན་པོ་མཚོན་པར་བྱས་ཡོད་པ་རེད།
ཚའེ་ཆི་དང་། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་བཅས་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་གནམ་གྲུ་གཅིག་ནང་ལྷན་དུ་ལོག་ཕེབས་པ་རེད།