ཁུལ་ཨུས་ནན་ཅེ་ལུའོ་ཚད་ལྡན་དོ་དམ་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

    ཟླ་9ཚེས་23ཉིན།ཁུལ་ཨུསནན་ཅེ་ལུའོ་ཚད་ལྡན་དོ་དམ་དང་གཅིག་ཤེས་ཀུན་གྲོལ་གྱི་ལས་དོན་སྤེལ་ཚུལ་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། མིག་སྔའི་གནད་དོན་ལ་ཕྱོགས་སྡོམ་དང་བསམ་ཞིབ་བྱས་ཏེ་དུས་མཚམས་རྗེས་མའི་དག་ཐེར་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེ་ཏུང་དང་ཕེང་ཧྲན་ཚོགས་འདུར་ཞུགས 

    ཚོགས་འདུའི་ཐོག་འཇོལ་རྫོང་གི་ནན་ཅེ་ལུའོ་ཚད་ལྡན་དོ་དམ་སོགས་ཡུལ་སྐོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་ཐད་ལྷག་པའི་གནད་དོན་དག་ཐེར་ལས་དོན་སྤེལ་ཚུལ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྟག་མཆོང་གྲོག་རོང་བར་མའི་སྒྲིག་འགལ་ངང་ཡུལ་སྐོར་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་དོན་དག་ཐེར་དང་གཅིག་ཤེས་ཀུན་གྲོལ་ལས་དོན་སྐུལ་འདེད་སྤེལ་ཚུལ། ཁུལ་ཡོངས་ཀྱི་སྔ་རྗེས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་འཕེལ་རིམ་གྱི་སྙན་ཞུ་བཅས་ཉན་ལ། ཚོགས་ཞུགས་བློ་མཐུན་གྱིས་སྡེ་ཚན་གྱི་ལས་བགོས་འགན་འཁྲིར་གཞིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

    ཚོགས་འདུའི་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་དབྱང་གིས་བོད་འབྲེལ་ས་ཁུལ་ལ་སྤྲད་པའི“དོན་ཆེན་བཞིའི”གྲས་ཤིག་ཡིན་ལ རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་རང་རྟོགས་ངང་ལག་ལེན་བསྟར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན་པས ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བྱ་རྒྱུ་དེ་བདེ་ཆེན་གྱིས་གཞན་ལ་ཁག་དཀྲི་མི་རུང་བ་དང་གཡོལ་ཐབས་མེད་པའི་འོས་འགན་ཞིག་རེད།ནན་ཅེ་ལུའོཚད་ལྡན་དོ་དམ་དང་གཅིག་ཤེས་ཀུན་གྲོལ་གྱི་ལས་དོན་སྤེལ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་མིག་སྔར་དག་ཐེར་ལས་དོན་ལ་ཕན་འབྲས་ངེས་ཅན་ཐོན་ཡོད་མོད། འོན་ཀྱང་དག་ཐེར་ལས་དོན་སྒྲུབ་ཚད་ད་དུང་ཧེ་བག་ཡོད་པས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་འགན་འཁྲིའི་བསམ་པ་དང་དུས་གཏན་གྱི་བསམ་པ་ཟབ་ཏུ་བཏང་ནས་དག་ཐེར་ལས་དོན་དམ་འཛིན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

    གྲོས་ཚོགས་ཐོག་རིམ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་དག་ཐེར་བྱེད་ཚད་མགྱོགས་སུ་བཏང་ནས་དུས་ཐོག་ཏུ་དག་ཐེར་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས།གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དུས་ཐོག་ཏུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཙང་སེལ་བྱེད་དགོས། རྐང་ཐང་མར་སྐྱོད་པའི་ལམ་ཐིག་དོ་དམ་ཚད་ལྡན་དུ་བཏང་ནས་གསར་སྤེལ་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྒོ་མ་ཕྱེ་བའི་ས་ཁོངས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་སྟེ་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས།མཐུན་སྦྱོར་དང་མཉམ་ལས་བྱས་ཏེ་ལས་དོན་གྱི་འགྲིལ་ཤུགས་ཆགས་པ་བྱེད་དགོས།

    གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་།སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ།ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ།གནད་དོན་དག་ཐེར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དེ་བས་མཐོ་བའི་ཚད་གཞི་དང་།དེ་བས་མཐོ་བའི་བླང་བྱ་དང་བྱེད་ཐབས་བཅས་སྔར་བས་མཐོ་རུ་བཏང་ནས་ཁུལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཡུན་ནན་ནུབ་བྱང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

    ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཚོགས་འདུར་ཞུགས་པ་རེད།