རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་གྱི་ཉི་གཞོན་ཁྲོད། འཇང་རིགས་བུད་མེད་ཧོ་ཝུན་ཞི་ཡིས་གདུས་པའི་རྩིབ་ཤ་བསྙལ་མ་རྗ་ཁོག་ཏུ་བླུགས་པ་དང་དྲི་ཞིམ་ཐབ་ཚང་དུ་ཁེངས་འདུག མོའི་བོད་རིགས་ཁྱོ་ག་སུན་ཀྲི་ཅན་གྱིས་ཟངས་དེམ་དུ་ཇ་བསྲུབས་མ་བཙོ་བཞིན་ཡོད། རྩིབ་ཤ་བསྙལ་མ་དང་ཇ་བསྲུབས་མ་ནི་བུ་ཕྲུག་ཚོས་ཆེས་དགའ་ཞེན་ཡོད་པའི་ཁྱིམ་གྱི་བྲོ་མ་རེད་ཞེས་ཧོ་ཝུན་ཞི་ཡིས་དགོད་བཞིན་དུ་བཤད། འཇང་རིགས་དང་བོད་རིགས་ཀྱིས་སྒྲུབ་པའི་ཁྱིམ་ཚང་འདིས་ལོ་ཉི་ཤུ་རིང་མི་རིགས་བར་གྱི་ཁྱད་པར་འཚོ་བའི་མངར་བར་གྱུར་ཡོད། ཧོ་ཝུན་ཞི་འཇང་རིགས་ཀྱི་ཞིམ་ཟས་བཟོ་བར་དགའ་ལ། མོའི་གཤིས་ཀ་ཞི་འཇམ་དང་ཞིབ་ཚགས་པ། སུན་ཀྲི་ཅན་ལ་མཐོ་སྒང་བོད་རིགས་སྐྱེས་པའི་སྤྲོ་སེམས་ཡོད། ཁོང་ཚོའི་བུ་མོ་སུན་དབྱིང་དང་སུན་ཡུའེ་གཉིས་ཆུང་དུས་ནས་མི་རིགས་མཉམ་འདྲེས་ཀྱི་ཁྱིམ་ཚང་ཆེན་མོར་ནར་སོན་པས་ཨ་མ་དང་མཉམ་དུ་འཇང་རིགས་གླུ་དབྱངས་“ཨ་ཁ་པ་ལ”ལེན་པ་དང་། ཨ་ཕ་དང་མཉམ་དུ་བོད་རིགས་སྐོར་བྲོ་འཁྲབ་པ། ལོ་གསར་དང་དུས་ཆེན་གཏོང་དུས་ཁྱིམ་ནང་ཆ་ཡིག་སྦྱར་བ་དང་ལྒང་ཞུ་དཔྱང་བ། མར་རྒྱན་ཡང་གཤོམ་པ་དང་ནས་ཀྱི་སྙེ་མ་ཡང་བཅུག་པ་རེད། ང་ཚོའི་ཁྱིམ་ནང་གི་ལོ་གསར་ཆེས་དམིགས་བསལ་ཡིན། ཁྱིམ་ཚང་གཞན་པར་ལོ་གསར་གྱི་བྲོ་བ་སྣ་གཅིག་ལས་མེད་ཀྱང་ང་ཚོ་ལ་ལོ་གསར་གྱི་བྲོ་བ་སྣ་གཉིས་ཡོད་ཞེས་སུན་དབྱིང་གི་སྐད་ཆ་ཁྲོད་སེམས་གཏིང་ནས་མི་རིགས་མཐུན་སྒྲིལ་གོ་སྟོབས་སྦས་ཡོད། ད་ལྟར་ཧོ་ཝུན་ཞིའི་ཚ་མོ་བསྟན་འཛིན་དགའ་སྐྱིད་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་མོར་གྱུར་ཡོད་དེ། མོས་འཇང་སྐད་ཀྱིས་ཨ་ཕྱེ་འབོད་ཤེས་ལ་བོད་སྐད་ཀྱིས་བཀའ་དྲིན་ཆེ་ཟེར་ཤེས། རྩེད་པའི་དུས་ཨ་མྱེ་དང་ཨ་ཕྱེ་ལ་ལད་མོ་བྱས་ནས་ཇ་བཙོས་པ་དང་རྩིབ་ཤ་གདུ་ཤེས། ཐེངས་ཤིག་རྒྱ་ལམ་སྡེ་ཁུལ་གྱིས་དངོས་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱེད་སྒོ་སྤེལ་བ་དང་མོས་རང་གིས་བྲིས་པའི་ཐང་ཀ་ཁྱེར་ནས་རྒྱ་རིགས་ཨ་ཕྱེ་ཝང་ལ་སྟེར་བ་དང་འདི་ནི་བོད་རིགས་ཀྱི་རི་མོ་རེད། ཨ་ཕྱེ་ཁྱེད་ཀྱིས་སྦྱར་བའི་ཆ་ཡིག་དང་འདྲ་བར་མཛེས་སྡུག་ལྡན་ཞེས་ཟེར། སུན་ཀྲི་ཅན་གྱིས་དགོད་ནས་བྱིས་པས་གནས་ལུགས་ཆེན་མོ་མི་ཤེས་མོད། འོན་ཀྱང་མི་རིགས་ཅི་ཡིན་ཡང་ཁྱིམ་ཚང་གཅིག་འདྲ་ཡིན་པར་ཤེས་ཡོད་ཞེས་ཟེར།
འདི་འདྲ་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་གཟུགས་བརྙན་རྒྱ་ལམ་སྡེ་ཁུལ་གྱི་ཁུག་འཁྱོག་ཀུན་དུ་ཁྱབ་ཡོད་ལ།རྡོ་མཁར་རྫོང་གི་ལྟེ་བའི་ཁྱབ་ཁོངས་སུ་གནས་པའི་རྒྱ་ལམ་སྡེ་ཁུལ་དུ་ད་ལྟར་བོད་རིགས་དང་འཇང་རིགས། དབྱི་རིགས་སོགས་མི་རིགས་སྣ་མང་འདུས་སྡོད་བྱེད་བཞིན་ཡོད་ལ། རྒྱུན་སྡོད་མི་འབོར་དང་གཏན་འཁེལ་མེད་པའི་མི་གྲངས་ཁྱོན་5000ལྷག་ཡོད། མི་རིགས་སྣ་མང་ཡོད་པའི་ཁྱིམ་ཚང་གི་བསྡུར་ཚད་75%ལས་བརྒལ། སྡེ་ཁུལ་གྱིས་སྔ་རྗེས་སུ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་བཏང་བ། “འཆམ་མཐུན་རྒྱ་ལམ་”གྱི་མི་རིགས་མཐུན་སྒྲིལ་འགྲེམ་སྟོན་ཁང་བཞེངས་སྐྲུན་བྱས་ཏེ་འགྲེམས་པང་8ཀྱིས་མི་རིགས་ཁག་གི་ལོ་རྒྱུས་རིག་གནས་དང་དམངས་སྲོལ་ཅ་ལག་འགྲེམ་སྟོན་བྱས་ནས་གྲོང་མི་རྣམས་ལྟ་སྐོར་བྱེད་རིང་ཕན་ཚུན་ལ་རྒྱུས་ལོན་བྱེད་དུ་བཅུག ཁྲིད་སྦྱོང་ལྟེ་གནས་བཙུགས་པ་དང་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛུན་པ་གདན་དྲངས་ནས་སློབ་ཁྲིད་བྱས་པ། བོད་རིགས་ཀྱི་སྐོར་བྲོ་དང་འཇང་རིགས་ཀྱི་ཞབས་བྲོ་སོགས་རིག་གནས་གཅེས་ནོར་མི་རབས་ནས་མི་རབས་བར་དར་དུ་བཅུག འཆམ་མཐུན་རོགས་རེས་མཐུན་ཚོགས་སྒྲིག་བཙུགས་བྱས་པ་དང་་ཚོགས་མི་ཆིག་སྟོང་ལྷག་ཡོད་དེ་མི་རིགས་སྣ་མང་ཁྱབ་ཡོད། དུད་ཚང་སུ་ཞིག་ལ་མནའ་མ་བསུ་སྐྱེལ་དང་གཤིན་པོ་དུར་སྐྱེལ་གྱི་དོན་དག་ཡོད་ན་ཚང་མས་རང་རྟོགས་ངང་རོགས་རམ་བྱེད་ཡོང། དྲ་རྒྱའི་ཆ་འཕྲིན་འཚོལ་བསྡུ་ཞིབ་དཔྱད་དང་དེ་བཞིན་སྡེ་ཁུལ་དོ་དམ་ཞབས་ཞུའི་ལས་དོན་གྱི་མི་སྣ་60ཡིས་ཁག་བགོར་ནས་འགན་འཁུར་ཏེ་ཡུལ་བབ་དམངས་འདུན་བསྡུ་རུབ་དང་འགལ་བ་དང་རྩོད་གཞི་སེལ་བ། ཐ་ན་རྒན་རྒོན་སྨན་པ་བསྟེན་པ་དང་ཕྲུ་གུ་སློབ་གྲྭར་འགྲོ་བའི་དོན་དག་ཆུང་ཆུང་ཚང་མ་ཡང་སེམས་ལ་འཛིན་པ་རེད། ད་ལྟར་དེ་བས་མང་བའི་མི་རིགས་གཞན་པའི་སྡོད་མི་རྒྱ་ལམ་སྡེ་ཁུལ་དུ་སྦོར་བ་དང་ཆ་རྒྱུས་མེད་པ་ནས་རྒྱུས་མངའ་ཡོད་པ་དང་། གུས་ཞབས་ཡོད་པ་ནས་ཐག་ཉེ་བར་སྡེ་ཁུལ་རིམ་བཞིན་དྲོ་སྐྱིད་ལྡན་པའི་“ཁྱིམ་ཚང་ཆེན་པོ་”ཞིག་ཏུ་གྱུར་ཡོད།
དཔྱིད་གསར་དུས་ཆེན་རིང་།རྒྱ་ལམ་སྡེ་ཁུལ་རིག་གནས་བྱེད་སྒོ་ལྟེ་གནས་སུ་ཧ་ཅང་འཁྲུག་པོ་ཡོད་དེ། རྒྱ་རིགས་སྡོད་དམངས་ཀྱིས་ཚང་མར་ཆ་ཡིག་འབྲི་བར་བསླབས་པ་དང་། བོད་རིགས་སྡོད་དམངས་ཀྱིས་ལད་འབྲི་བྱས་པ་དང་འཇང་རིགས་སྡོད་དམངས་ཀྱིས་སྒྲ་ཡང་བས་འདོན་པ། བོད་ཀྱི་ལོ་གསར་རིང་། བོད་རིགས་སྡོད་དམངས་ཀྱིས་སྐོར་བྲོ་འཁྲབ་འཁྲིད་པ་དང་འཇང་རིགས་དང་དབྱི་རིགས་སྡོད་དམངས་ཀྱིས་མཉམ་དུ་འཁྲབ་པ། འཇང་རིགས་སན་ཏུའོ་དུས་ཆེན་རིང་འཇང་རིགས་སྡོད་དམངས་ཀྱིས་རྩིབ་ཤ་བསྙལ་མ་སོགས་ཀྱི་བཟོ་ཐབས་གསལ་སྟོན་བྱས་པ་དང་མི་རིགས་གཞན་པ་ཚོས་མཉམ་དུ་བཟོ་བར་སྦྱོང་། དུས་རྒྱུན་སྡེ་ཁུལ་གྱི་རིག་གནས་ཐང་ཆེན་དུ་མི་རིགས་ཁག་གི་སྡོད་དམངས་ཀྱིས་མཉམ་དུ་བྲོ་འཁྲབ་པ་དང་གླུ་ལེན་པ། རིག་གནས་བྱེད་སྒོ་དེ་བརྩེ་དུང་གི་འབྲེལ་ཐག་ཏུ་གྱུར་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་བྲོ་བ་དུས་ཚང་ཀུན་དུ་ཁྱབ་པ་མ་ཟད། སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་དེ་བས་ཟབ་མོར་གྱུར་དུ་བཅུག
ཉི་མ་ནུབ་ཁ།རྒྱ་ལམ་སྡེ་ཁུལ་གྱི་རིག་གནས་ཐང་ཆེན་དུ་མི་རིགས་སྡོད་དམངས་ཚོས་ལག་གདང་སྦྲེལ་ནས་སྐོར་བྲོ་འཁྲབ་བཞིན་ཡོད། ཧོ་ཝུན་ཞི་དང་སུན་ཀྲི་ཅན་གཉིས་མི་ཚོགས་ཁྲོད་ལངས་པ་དང་འཛུམ་མདངས་ས་སྲོད་མཚམས་སྤྲིན་ལས་མཛེས་བ། རྒྱང་རིང་གི་འཆམ་མཐུན་རྒྱ་ལམ་ཞེས་པའི་མི་རིགས་མཐུན་སྒྲིལ་འགྲེམ་སྟོན་ཁང་དུ་གློག་ཞུའི་འོད་རབ་ཏུ་གསལ་བ་དང་ཤེལ་སྒོའི་བཤམ་སྒྲོམ་ནང་གི་མི་རིགས་གོས་རྒྱན་དང་ལག་རྩལ་རྩེ་གྲའི་ཐོན་རྫས། གྱང་ཐོག་གི་མི་རིགས་ཁག་གིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས་ཞེས་པའི་སྦྱར་ཡིག་ཕན་ཚུན་སྤེལ་ཟླ་བྱས་ཡོད། འདིར་ཧོ་ཝུན་ཞི་ཚང་དང་འདྲ་བའི་མི་རིགས་སྣ་མང་གི་ཁྱིམ་ཚང་འཆམ་མཐུན་མཉམ་གནས་དང་ཕན་ཚུན་བརྩེ་དུང་གི་གཏམ་རྒྱུད་ཉིན་ལྟར་ཡོད་པ་དང་། རྒྱ་ལམ་སྡེ་ཁུལ་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་དུ་བཅུག་ཡོད་པ་དང་མི་རིགས་ཁག་གི་སྡོད་དམངས་ཚོས་མཐོ་སྒང་ས་གཞིར་མཉམ་དུ་ཤེས་དཔལ་དང་འཆམ་མཐུན། བདེ་སྐྱིད་ཀྱི་འཚོ་བའི་ལེ་ཚན་གསར་པ་འབྲི་བཞིན་ཡོད།