རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-17   རྩོམ་ཁུངས།    云南发布
2025རྒྱུད་གཅིག་ལམ་གཅིག་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཁུན་མིང་དུ་འགོ་ཚུགས།
ཀྲེང་ཅན་པང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གསུང་།
ཝངཉིང་། ཝང་ཀང་། ཡུས་ཧྲའོ་ལིའང་སོགས་ཀྱིས་ཤིས་ཚིག་གསུང་། ཝང་ཡུས་པོ་མཛད་སྒོར་ཞུགས། ཁྲེན་ཅན་ཝུན་གྱིས་གཙོ་སྐྱོང་བྱས།
ཟླ་9པའི་ཚེས་16ཉིན། 2025རྒྱུད་གཅིག་ལམ་གཅིག་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཁུན་མིང་དུ་འགོ་ཚུགས།
ཡུན་ནན་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། (གསར་འགོད་པ།དབྱང་མོང་། ཙུའོ་ཁྲའོ། ཀྲང་ཞའོ་ཡུས།)ཟླ9པའི་ཚེས་16ཉིན། 2025རྒྱུད་གཅིག་ལམ་གཅིག་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཁུན་མིང་དུ་འགོ་ཚུགས།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀྲེང་ཅན་པང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གནང་།
ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཀང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་འགོ་འཛིན་ཡུས་ཧྲའོ་ལིའང་། འགྲིམ་འགྲུལ་སྐྱེལ་འདྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་དབྱང་། ཨུ་རུ་སུའི་《ཨུ་རུ་སུ་ཚགས་པར་》འགོ་འཛིན་ཉེ་ཀོ་དབྱི་ཁྲ་དང།སོ་ཏི་ཨ་རབ་ཀྱི་《ལི་ཡ་ཏེ་ཚགས་པར་》སྤྱི་ཁྱབ་རྩོམ་སྒྲིག་པ་ཧ་ཉི་ཡིས་གཏམ་བཤད་བྱས།ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཀྲང་ཝང་ཡུས་པོ་མཛད་སྒོར་ཞུགས། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲེན་ཅན་ཝུན་གྱིས་གཙོ་སྐྱོང་བྱས།
ཀྲེང་ཅན་པང་གིས་ཤིས་ཚིག་གསུང་བ།
ཀྲེང་ཅན་པང་གིས་བསྟན་དོན། 2013ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་གྲོས་གཞི་གལ་ཆེན་བཏོན་པ་ནས་བཟུང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཡུན་རིང་མ་སོང་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་+ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་གཞི་བཏོན་ནས་སྤུས་ཚད་མཐོ་བའི་ངང་“རྒྱུད་གཅིག་ལམ་གཅིག་”་མཉམ་སྐྲུན་བྱ་ཆེད་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་དང་དེ་བས་ཆེ་བ་ཞིག་ཁ་འབྱེད་པ་རེད། རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་དར་ལམ་སྙིང་སྟོབས་ཀྱི་ལག་ལེན་བྱེད་མཁན་དང་དར་སྤེལ་བྱེད་མཁན་ཡག་པོ་བྱེད་དགོས་ཏེ། ཧུར་ཐག་སྒོས་འདྲ་མཉམ་དང་ཕན་ཚུན་དཔེར་འཛིན། བགྲོ་གླེང་། བསྟུན་མཁས་ཀྱི་ཤེས་དཔལ་ལྟ་བ་བརྒྱུད་བསྒྲགས་བྱེད་དགོས། འཕེལ་རྒྱས་གྲུབ་འབྲས་ཀྱི་ཟིན་བྲིས་བྱེད་མཁན་དང་ཞིབ་ཏུ་བཤད་མཁན་ཡག་པོ་བྱེད་དགོས་ཏེ། མུ་མཐུད་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་སྒྲོག་སྤེལ་གཏིང་ཟབ་བྱེད་དགོས། ཤེས་དཔལ་ཕན་ཚུན་དཔེར་འཛིན་གྱི་ནང་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཡག་པོ་བྱེད་དགོས་ཏེ། སྤུས་ལེགས་པའི་གསར་འགྱུར་བརྩམས་ཆོས་ཀྱིས་རྒྱུས་ལོན་སྤེལ་བ་དང་འགལ་ཆ་གཏོར་བ། ཀུན་ཤུགས་གོང་བུ་འགྲིལ་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་དགོས།
ཝང་ཉིང་གིས་ཤིས་ཚིག་གསུང་བ།
ཝང་ཉིང་གིས་བསྟན་དོན། ཡུན་ནན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཡོད་ལ། ཀྲུང་གོས་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོ་ལ་ཁ་གཏད་པའི་ཁྱབ་འགྱེད་ལྟེ་གནས་མགྱོགས་མྱུར་འཛུགས་སྐྲུན་བྱེད་བཞིན་ཡོད་པས་སྒོ་འབྱེད་ཀྱི་ལམ་བུ་དེ་ཙམ་གྱིས་ཡངས་ཡོད། ཁོང་གིས་པར་རིས་ཚོ་ཆུང་བཞི་བརྒྱུད་དེ་ཀྲུང་གོ་ནས་ལའོ་ཝའོ་བར་གྱི་ལྕགས་ལམ་ཀྲེང་ཧོ་རྟགས་ཅན་གྱི་མེ་འཁོར་ཐོག་མ་དང་། ཡུན་ནན་ཞིང་ཆེན་དང་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་ཞིང་ཆེན་གྱི་སྐྱེ་ལྡན་འབྲས་མཉམ་ལས་དཔེ་སྟོན་རྣམ་གྲངས། ཕྱི་རྒྱལ་གྱི་ན་གཞོན་ཝུན་སིན་ཐེ་ཡིས་ཁུན་མིང་དུ་ལས་གཏོད་བྱས་ནས་ཁྱིམ་གཞིས་ཆགས་པ། ཡུན་ནན་རོགས་སྐྱོབ་རུ་ཁག་འབར་མར་བསྐྱོད་ནས་ས་འགུལ་རོགས་སྐྱོབ་བྱས་པ་སོགས་ཀྱི་དཔེ་དངོས་མཉམ་སྤྱོད་བྱས་ནས་“རྒྱུད་གཅིག་ལམ་གཅིག་”ནི་མཉམ་ལས་གཉིས་ཕན་དང་དམངས་ལ་ཕན་བ། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན། སོ་སྲུང་རོགས་རེས་ཀྱི་ལམ་བུ་ཡིན་པ་ར་སྤྲོད་བྱུང་། རྒྱ་ཆེ་བའི་སྨྱན་སྦྱོར་གྱིས་དེ་བས་མང་བའི་དར་ལམ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་སྤུས་ཚད་མཐོ་བའི་ངང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་ཆེད་སྨྱན་སྦྱོར་གྱི་སྟོབས་ཤུགས་ཕུལ་བའི་རེ་བ་བཏོན།
ཝང་ཀང་གིས་ཤིས་ཚིག་གསུང་བ།
ཝང་ཀང་གིས་བསྟན་དོན། སྒོ་འབྱེད་མཉམ་ལས་ནི་ལོ་རྒྱུས་ཀྱི་གནས་བབ་ཡིན་ལ། མཉམ་ལས་གཉིས་ཕན་ནི་མི་སེམས་ཀྱི་ཁ་ཕྱོགས་ས་ཡིན། རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་དར་ལམ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས། མཉམ་དུ་སྒྲ་འདོན་པ་བྱས་ནས་“རྒྱུད་གཅིག་ལམ་གཅིག་”གི་འཕེལ་རྒྱས་གསར་ཤོས་དང་གསོན་ཉམས་ལྡན་པའི་ལག་ལེན་སྒྲོག་སྤེལ་གཏིང་ཟབ་བྱེད་དེ་སྒྲ་བཟང་པོ་དེ་སྒྲ་ཆེས་དྲག་པོར་འགྱུར་དུ་འཇུག་པ་དང་གཏམ་རྒྱུད་ཆུང་ངུ་ཡིས་དུས་རབས་ཆེན་པོར་བདེན་དཔང་བྱེད་དུ་འཇུག ལས་སྟེགས་ཆེན་པོ་ནས་མཁོ་འདོན་དྲག་པོ་ཐོན་སྐྱེད་བྱེད་དུ་འཇུག ལག་རྩལ་གསར་པ་ཡིས་འཕོ་འགྱུར་གསར་པར་མཐུན་རྐྱེན་སྦྱོར་དུ་འཇུག་པ་བཅས་བྱས་ནས་ཕྱོགས་སོ་སོས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་དུས་ཐོག་མཐའ་བར་གསུམ་དུ་ལག་གདང་སེམས་མཐུན་དང་བརྟན་བགྲོད་རྒྱང་འཁྱོལ་བྱེད་པར་རོགས་རམ་བྱེད་དགོས།
ཡུས་ཧྲའོ་ལིའང་གིས་ཤིས་ཚིག་གསུང་བ།
ཡུས་ཧྲའོ་ལིའང་གིས་བསྟན་དོན། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་“རྒྱུད་གཅིག་ལམ་གཅིག་”་མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་དང་མཉམ་དུ་ཧུར་ཐག་སྒོས་མངའ་ཁོངས་རྒྱ་ཆེ་ཞིང་རྣམ་པ་མང་བའི་རྒྱུན་ལྡན་ཅན་གྱི་སྨྱན་སྦྱོར་མཉམ་ལས་ལམ་སྲོལ་ཟུངས་ནུས་བྱ་ཐབས་འཚོལ་ཞིབ་དང་འཛུགས་རྒྱུ་དང་། རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱིས་འཕེལ་རྒྱས་ཀྱི་གཅིག་མཐུན་གཅིག་ཏུ་སྒྲིལ་བ་དང་ཡིད་ཆེས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། དོན་གཅོད་མཉམ་ལས་ལ་སྐུལ་འདེད་གཏོང་བ། དར་རྒྱས་ཀྱི་ལམ་བུ་གཏོད་པ། མི་ཆོས་བརྗེ་རེས་གཏིང་ཟབ་གཏོང་བ། མཛའ་བཤེས་ཀྱི་གླུ་དབྱངས་དཀྲོལ་བ་བྱས་ནས་སྤུས་ཚད་མཐོ་བའི་ངང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱ་ཆེད་དེ་བས་མང་བའི་བློ་གྲོས་དང་སྟོབས་ཤུགས་འདུ་འགྲིལ་བྱེད་པའི་རེ་བ་བཏོན།
ལི་དབྱང་གིས་ཤིས་ཚིག་གསུང་བ།
ལི་དབྱང་གིས་བསྟན་དོན།ཀྲུའུ་ཞི་ཞི་ཅིན་ཕིང་དང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་རྒྱལ་ཁབ་ཀྱི་དབུ་ཞུགས་དག་གི་ཐུན་མོང་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕན་ཚུན་མཉམ་སྦྲེལ་དང་ཕན་ཚུན་སྤེལ་རེས་ལ་ལོ་རྒྱུས་རང་བཞིན་གྱི་ཕར་རྒོལ་བྱུང་བ། སྨྱན་སྦྱོར་གྱིས་མུ་མཐུད་ནས་ཕན་ཚུན་མཉམ་སྦྲེལ་དང་ཕན་ཚུན་སྤེལ་རེས་ཀྱི་གོང་འཕེལ་གསར་པ་ལ་དོ་ཁུར་བྱེད་པའི་རེ་བ་བཏོན། ང་ཚོས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་རྒྱལ་ཁབ་ཀྱི་འགྲོ་ལམ་རིམ་བཞིན་རྒྱ་ཇེ་ཆེར་འགྱུར་བ་དང་དཔལ་འབྱོར་རིམ་བཞིན་དར་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་རིམ་བཞིན་བདེ་ཞིང་སྐྱིད་པར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད།
ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་མཉམ་དུ་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་ཐོབ་པའི་འབྲས་བུ་གཡུར་དུ་ཟ་བ་དང་འཛམ་གླིང་དར་རྒྱས་གོང་འཕེལ་ལ་བཞག་པའི་ཕན་འབྲས་དྲན་གསོ་བྱས་པ་དང་། སྨྱན་སྦྱོར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྒེའུ་ཁུང་དང་ཟམ་པའི་ནུས་པ་འདོན་སྤེལ་བྱེད་དེ་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་ཆེད་སྟོབས་ཤུགས་འདུ་འགྲིལ་བྱ་རྒྱུ་ཡིན་པ་བཏོན།
འགོ་ཚུགས་མཛད་སྒོའི་ཐོག ཚོགས་ཞུགས་འགོ་ཁྲིད་ཀྱིས་སྐབས་གཉིས་པའི་རྒྱལ་སྤྱིའི་བརྒྱུད་བསྒྲགས་“དར་ལམ་བྱ་དགའ་”ཡི་བྱ་དགའ་ཐོབ་མཁན་འཐུས་མི་ལ་བྱ་དགའ་གནང་བ་དང་། སྨྱན་སྦྱོར་འཐུས་མི་ཡིས་“རྒྱུད་གཅིག་ལམ་གཅིག་”ཀྲུང་གོ་དང་ཕྱི་རྒྱལ་སྨྱན་སྦྱོར་བཅར་འདྲི་བྱེད་སྒོ་འགོ་ཚུགས། དར་ལམ་གཏམ་རྒྱུད་ཕྱོགས་བསྒྲིགས་ཤེས་དཔལ་ཕན་ཚུན་དཔེར་འཛིན་དང་མཉམ་ལས་གཉིས་ཕན། དམངས་སེམས་འབྲེལ་འདྲིས་བཅས་ལེ་ཚན་གསུམ་དུ་དབྱེ་ནས་འགོ་ཚུགས།
འགོ་ཚུགས་མཛད་སྒོའི་སྔོན། ཚོགས་ཞུགས་འགོ་ཁྲིད་ཀྱིས་གླེང་སྟེགས་འགྲེམ་སྟོན་ལ་བལྟས་པ་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྲུབ་འབྲས་འགྲེམ་སྟོན་ནི་ཡིག་རིས་རྣམ་པ་དང་མཐོང་ཟུར་སྣ་མང་ལ་བརྟེན་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་མཉམ་ལས་གྲུབ་འབྲས་མངོན་ཡོད། གླིང་ཆེན་ཨེ་ཤ་ཡའི་མེ་ཏོག་གྲོང་ཁྱེར་དང་འཛམ་གླིང་གི་ཇའི་འབྱུང་ཁུངས་སོགས་ཆ་ཤས་ཀྱིས་རྒྱལ་ཁབ་ཁག་གི་སྐུ་མགྲོན་གྱི་ཡིད་དབང་འགུག་ཡོད།
ཚོགས་ཞུགས་འགོ་ཁྲིད་ཀྱིས་ཡུན་ནན་ཞེས་པའི་འཚོ་བ་ཞིག་ཡོད་ཞེས་པའི་ཉམས་ལེན་ཁང་དུ་ལྟ་སྐོར་བྱེད་བཞིན་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ལས་ཁུངས། ཀྲུང་དབྱང་གི་སྨྱན་སྦྱོར། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བློ་མཐུན། ཡུན་ནན་ཞིང་ཆེན་གྱི་ཧྲི་ཡུས་ཀང་དང་། ཙེང་ཡན། ཧུའུ་ཏ་ཕེང་། ལི་ཞའོ་སན། ཞུས་ཧའོ། ཅང་ཧྲན་སོགས་འགོ་ཚུགས་མཛད་སྒོར་ཞུགས།
གླེང་སྟེགས་ནི་ཚེས་16ཉིན་ནས་ཚེས་17ཉིན་གྱི་བར་འཚོགས་པ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཀྲུང་གུང་ཡུན་ནན་ཞིང་ཨུ། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། བརྗོད་དོན་གཙོ་བོ་ནི་སྨྱན་སྦྱོར་གྱི་འགན་འཁྲི་མཉམ་དུ་འཁུར། ཤེས་དཔལ་ཕན་ཚུན་དཔེར་འཛིན་ལ་སྐུལ་འདེད་གཏོང་ཞེས་པ་ཡིན། རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་87 སྨྱན་སྦྱོར་དང་ལས་ཁུངས་165ཡི་ཕྱི་ཕྱོགས་ཀྱི་འཐུས་མི་200ལྷག་ཚོགས་འདུར་ཞུགས། དེའི་རིང་ཡན་ལག་གླེང་སྟེགས་ཐེངས་མང་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་དེ་བཞིན་ཀྲུང་གོ་དང་འཇར་པན། ཧན་གོ(10+3)སྨྱན་སྦྱོར་མཉམ་ལས་བགྲོ་གླེང་ཚོགས་འདུ་གཉེར་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་སྐུ་མགྲོན་གྱིས་ད་དུང་ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་མང་པོར་མཉམ་འབྲེལ་བཅར་འདྲི་བྱེད་སྒོ་སྤེལ་རྒྱུ་རེད།