རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་དང་། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་བཏོད་དེ། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཅིག་སྡུད་རྒྱ་ཁྱབ་བྱ་ཆེད། དགེ་རྒན་དུས་ཆེན་ཐེངས་41པ་འཆར་ཉེའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུས་སྤྱི་ཚོགས་ཡོངས་ལ་2025ལོའི་རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”ཁྱབ་བསྒྲགས་བྱས་པ་རེད།
ཏིང་མེ་ཀྲེན་དང་། མཱ་ཆུང་། ཧྲུའེ་པའེ་ཉན། ཏེང་ཙུང་ཆོན། ཀུན་བཟང་ཆོས་སྒྲོན། རེན་མིང་ཅེ། ལིའུ་ཡུས་ཀྲུང་། ལིའུ་དབྱི་ཁྲུན། དབྱང་ཡང་། ཤའོ་ཧུའེ་ཝུན། ཧྲའོ་ཡུས། ཨོའུ་དབྱང་ལིང་ཅང་། ཀྲེང་དབན་ཀྲུང་། མོང་ཆིང་དབྱང་། ཧུའུ་རུང་ཕིང་། ཀྲུང་དབྱི་ཤིན། ཧོའུ་ཁྲུན་ཀོང་། ཅང་ཏེ་ཧྲེང་། ཆིན་ཁྲུན་ཅོན། ཆིན་ཤོན། ཧོང་ཅུན་ཆུང་། ལེའོ་ཧུང་། ཀྲའེ་ཝན་མིང་། པོ་དབྱི་ཡུང་བཅས་བློ་མཐུན་24དང་། པའོ་ཏིང་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་ཤིན་ཅང་དུ་དགེ་རྒན་བྱེད་པར་སྐྱོད་མཁན་ཚོགས་སྤྱིའི་འཐུས་མི་ཚུད་ཡོད་པ་རེད། ཁོང་ཚོས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་ཀྱི་ཡོད། ཁོང་ཚོའི་ཁྲོད་ཀྱི་དགེ་རྒན་ཁ་ཤས་སློབ་གསོར་དགའ་ཞིང་སློབ་གསོ་མཁས་པ་དང་། སྣོད་དང་བསྟུན་ནས་སློབ་ཁྲིད་བྱེད་ཤེས་པ། ཁོང་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་བློ་སྦྱོང་བསླབ་སྐྱོང་བྱེད་པར་ལྷག་བསམ་རྣམ་དག་གིས་སྐུལ་འདེད་བཏང་ནས། སློབ་མ་ཚོའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་མཁན་གྱི་ལམ་སྟོན་པ་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་འགག་རྩའི་ཁྱབ་ཁོངས་ཀྱི་ཚན་ཞིབ་དཀའ་གནད་སེལ་བར་རྩེ་གཅིག་ཏུ་གཞོལ་ཏེ། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་རམ་འདེགས་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་སློབ་ལས་ཟུང་འབྲེལ་དང་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བྱས་ནས་ཐོན་ལས་ཀྱི་དགོས་མཁོ་དང་འཚམ་པའི་རྩལ་ནུས་ཤེས་ལྡན་པ་དང་བཟོ་རྩལ་མཁས་པ་སྐྱེད་སྲིང་ཧུར་ཐག་བྱེད་ཀྱི་ཡོད། ཁ་ཤས་གྲོང་གསེབ་ཏུ་གཞི་ཚུགས་ནས་དེ་གའི་སློབ་གསོའི་འཆད་སྟེགས་བརྟན་སྲུང་བྱས་ཏེ། བརྩེ་སེམས་དང་བློ་གྲོས་ལ་བརྟེན་ནས་སློབ་མ་འཚར་ལོངས་ཡོང་བར་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་སློབ་ཞུགས་གོང་གི་སློབ་གསོའི་ལས་གནས་ཐོག་བྱིས་པའི་རང་གཤིས་ལ་གཞིགས་ནས་སློབ་གཉེར་བྱེད་སྟངས་གསར་གཏོད་ཀྱིས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱེད་ཀྱི་ཡོད།
ལ་ལས་དམིགས་བསལ་སློབ་གསོའི་ལས་ལ་གཞོལ་བཞིན་ཡོད། ཁོང་ཚོས་བརྩེ་སེམས་ལ་བརྟེན་ནས་བརྩེ་སེམས་སྐྱེད་སྲིང་དང་བརྩེ་སེམས་ལ་བརྟེན་ནས་སློབ་གསོ་སྤེལ་ཏེ། ཕྲུ་གུ་ཚང་མའི་མི་ཚེར་བཀྲག་མདངས་འཚེར་བའི་གོ་སྐབས་ལྡན་པར་བྱེད་ཀྱི་ཡོད། ཁོང་ཚོའི་སྔོན་ཐོན་གྱི་བྱས་རྗེས་ལས་དུས་རབས་གསར་པའི་མི་དམངས་དགེ་རྒན་གྱི་བསམ་པའི་ཉམས་འགྱུར་བཟང་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད།
རྒྱ་ཆེའི་དགེ་རྒན་ཚོས“དགེ་རྒན་ཡག་ཤོས”མིག་དཔེར་བཟུང་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་སྟེ། ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་ཐུབ་པར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་ཤེས་ཡོན་ཆེ་རུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་སྤེལ་བ། ཀུན་སྤྱོད་ལ་བརྟེན་ནས་ཀུན་སྤྱོད་སྐྱེད་སྲིང་བཅས་བྱས་ཏེ། སློབ་སྦྱོང་དང་། དོན་གཉེར། མི་གཙོ་བོར་འཛིན་པ་བཅས་སྔར་ལས་ལེགས་པར་གཅིག་གྱུར་གྱིས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་དགེ་རྒན་བཟང་པོ་ཞིག་བྱས་ཏེ་ཏང་ཐུགས་བློ་བདེ་བ་དང་། རྒྱལ་ཁབ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་ཐུབ་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི“དགེ་རྒན་ཡག་ཤོས”ཁྱབ་བསྒྲགས་མཛད་སྒོའི་ཆེད་དོན་ལེ་ཚན་ཉེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྟོན་རྒྱུ་ཡིན་པ་རེད།