ཁུལ་ཨུ་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་རྒྱ་སྐྱེད་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས10ཉིན། ཁུལ་ཨུ་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2025ལོའི་ཚོགས་འདུ་ཐེངས་4་པ་རྒྱ་སྐྱེད་འཚོགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱེད་པ་དང་།ཀྲུང་དབྱང་དང་ཞིང་ཨུ་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ།ཁུལ་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་ཕྱོགས་སྡོམ་བྱེད་པ།སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་བཀོད་སྒྲིག་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་ཨུའི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཞུས་སི་སིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།  

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡུས་ཧྥ་ཚོགས་འདུར་ཞུགས།

    ཚོགས་འདུའི་ཐོག་བསྟན་དོན།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནས་བཟུང་།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་ཞིབ་བཤེར།ཡོ་བསྲང་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་གཞི་གཅིག་ཏུ་སྐུལ་སྤེལ་བཏང་བ་དང་།སློབ་སྦྱོང་དངོས་ལ་བརྟེན་ནས་བསམ་བློ་ལེགས་འགྱུར་ཡོང་བར་སྐུལ་འདེད་དང་།ཞིབ་བཤེར་དངོས་ལ་བརྟེན་ནས་རང་གིས་རང་ལ་གསར་བརྗེ་བྱེད་པར་སྐུལ་འདེད།ཡོ་བསྲང་དངོས་སུ་བྱེད་པར་བརྟེན་ནས་ཡུན་ཕན་ལམ་སྲོལ་བཙུགས་པ་བཅས་བྱས་པས།སློབ་སྦྱོང་ལ་སྤུས་ཚད་ལྡན་པ་དང་།ཞིབ་བཤེར་ལ་ཤུགས་སྣོན་ཐེབས་པ།ཡོ་བསྲང་ལ་ཕན་འབྲས་ཐོན་པ་བཅས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱུང་ཡོད།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།བློ་བརྟན་འགྱུར་མེད་ངང་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་དང་།ཏང་ཨུའི(ཏང་ཙུའུ)་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལས་བྱེད་ལས་བཟོའི་ཚོགས་འདུ།ཏང་གི་གཙོ་དོན་ཉིན་མོ་སོགས་གཞི་རྟེན་བརྒྱུད་ཏང་འཛུགས་སྐྱོང་དང་།རང་ངོས་གསར་བརྗེ།སྤྱོད་ཚུལ་འཛུགས་སྐྱོང་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བྱས་རྗེས་ཡུན་རིང་བཞག་ནས་ཏང་ཡོན་ལས་བྱེད་པའི་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱ་དགོས།འགོ་ཁྲིད་ལས་བྱེད་པར་“འགག་རྩའི་མི་ཉུང་ཤས་”ཀྱི་སློབ་གསོ་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་བྱེད་པ་དང་།དུས་ཆེན་དང་གུང་སེང་སོགས་གནད་ཆེའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་རྩད་ཞིབ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དཔེ་མཚོན་གྱོད་དཔེའི་ཉེན་ཟོན་སློབ་གསོ་ཟབ་སྤེལ་བྱས་ཏེ་གནད་དོན་བསྐྱར་ལོག་མི་ཡོང་བར་བྱ་དགོས། སྤྱོད་ཚུལ་གྱི་གཅོང་ནད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་།སྒྲིག་འགལ་ངང་ཟ་འཐུང་དང་ལག་རྟགས་དང་འབུལ་རྟེན་དངུལ་ལེན་པ་སོགས་ཀྱི་གནད་དོན་འབུར་ཐོན་ཅན་མུ་མཐུད་བཅོས་སྐྱོང་བྱས་ཏེ།མྱུ་གུ་འབུས་པའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱ་དགོས།ཏང་གཤིས་དང་།ཏང་སྲོལ།ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་དང་།སྤྱོད་ཚུལ་ལེགས་འགྱུར་དང་སྒྲིག་ཁྲིམས་བཅས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཀུན་སྤྱོད་དག་ཐེར་དང་རུལ་སུངས་མཉམ་དུ་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་།“སྤྱོད་ཚུལ་བཞི་”ཡི་གནད་དོན་འབྱུང་ས་དང་ཆ་རྐྱེན་བློ་ཐག་རྦད་ཆོད་ཀྱིས་མེད་པར་བཟོ་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་སྒྲུབ་ལས་སྐྲུན་ལ་བསྔགས་སྐུལ་དང་།སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་བ།ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ལ་ཁ་གཏད་འཇལ་བའི་“སྔོན་འགོག་”གི་རང་འགུལ་དམག་འཐབ་དང་“ཐག་གཅོད་”ཀྱི་དམག་འཐབ་ལ་ཁ་གཏད་མཐའ་གཅིག་ཏུ་འཇལ་བ།ཨར་ལས་བྱེད་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ།“ལོ་ལྔ་ཚན་བཅུ་བཞི་པའི་”མཇུག་བསྡུའི་ལས་དོན་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ།རེས་སྐོར་གསར་པའི་ཞིང་ལས་ལ་སྐུལ་སྤེལ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་རྒྱག་པ་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་དུ་གཏོང་བ་དང་།ཏང་རྩ་འཛུགས་རིམ་པ་ཁག་གིས་བྱེད་པོའི་འགན་འཁྲི་བརྟན་པོར་འཁུར་བ།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ།འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་“ལས་གནས་གཅིག་ལ་འགན་འཁྲི་གཉིས་”དོན་འཁྱོལ་བཅས་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་པ་དང་།ས་ཁོངས་ཧྲིལ་པོར་ཁྱབ་པའི་སྤྱོད་ཚུལ་ལེགས་སྐྱོང་གི་རྣམ་པ་ཆགས་པ་བྱ་དགོས།

    ཁུལ་ཨུའི་རྒྱུན་ཨུ།ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས།ཁུལ་མི་དམངས་ཁྲིམས་ཁང་།ཁུལ་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས་པ།འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཞུགས་པ་རེད།