ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས།   

    ལི་ཆང་གིས་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་ལས་དོན་ཡག་པོ་སྒྲུབ་པར་མཆན་བཀོད་མཛུབ་སྟོན་གནང་བ།

    འཕྲིན་ལན།

    རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མི་རྣམ་པ།

    ཁྱེད་རྣམ་པས་བསྐུར་བའི་ཡི་གེ་འབྱོར་བྱུང་། “ཆེད་བཙུགས་ལས་གནས་འཆར་གཞི”ལག་ལེན་བསྟར་ནས་ལོ་20སོང་ཚུན། རྒྱ་ཆེའི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་ཚོས་གྲོང་གསེབ་སློབ་གསོའི་བྱ་གཞག་ལ་ཧུར་ཐག་ཞུགས་ནས། སློབ་ཁྲིད་འཆད་སྟེགས་སུ་གཞི་ཚུགས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་འབད་བརྩོན་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ། མི་དམངས་དགེ་རྒན་གྱི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་མངོན་ཡོད།

    སློབ་གསོའི་ཇུས་ཆེན་འགོད་པར་དགེ་རྒན་རྩ་བར་འཛིན་དགོས། ཁྱེད་ཚོས་སློབ་གསོའི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་པོ་སྲུང་བ་དང་། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བརྩེ་སེམས་ཆེན་པོས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་དང་ཁྲིད་སྟོན། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་ཡོད།

    དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

    ཞི་ཅིན་ཕིང་།

    2025ལོའི་ཟླ་9ཚེས་8ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུང་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། དགེ་རྒན་དུས་ཆེན་ཐེངས་ཞེ་གཅིག་པ་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཐུགས་རེ་ནན་པོ་བཅོལ་གནང་བ་དང་འབྲེལ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། “ཆེད་བཙུགས་ལས་གནས་འཆར་གཞི”ལག་ལེན་བསྟར་ནས་ལོ་20སོང་ཚུན། རྒྱ་ཆེའི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་ཚོས་གྲོང་གསེབ་སློབ་གསོའི་བྱ་གཞག་ནང་ཧུར་ཐག་ཞུགས་ནས། སློབ་ཁྲིད་འཆད་སྟེགས་སུ་གཞི་ཚུགས་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་འབད་བརྩོན་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ། མི་དམངས་དགེ་རྒན་གྱི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་མངོན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གསོའི་ཇུས་ཆེན་འགོད་པར་དགེ་རྒན་རྩ་བར་འཛིན་དགོས། ཁྱེད་ཚོས་སློབ་གསོའི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་པོ་སྲུང་བ་དང་། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བརྩེ་སེམས་ཆེན་པོས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་དང་ཁྲིད་སྟོན། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་ཡོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་ལས་དོན་ཡག་པོ་སྒྲུབ་པར་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་དགེ་རྒན་དཔུང་ཁག་ལ་ཐུགས་ཁུར་དང་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ། མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་ནས་རིག་གནས་ཁྲིད་སློབ་དང་དཔེ་ཁྲིད་མི་སྐྱོང་བཅས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་ཆེད་དུ་བཙུགས་ནས་བཀོད་སྒྲིག་བྱས་པའི་ལས་གནས་འཆར་གཞིར(“ཆེད་བཙུགས་ལས་གནས་འཆར་གཞི”ཞེས་བསྡུ་རྒྱུ)ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དངུལ་བཏང་ནས། ཆེད་མངགས་མཐོ་སློབ་སློབ་ཐོན་སློབ་མ་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ཀྱི་སློབ་གྲྭར་དགེ་རྒན་བྱེད་པར་ཡོངས་བསྒྲགས་གདན་ཞུ་བྱེད་པའི་ཐད་སྤྱོད་ཀྱི་ཡོད། 2006ལོར“ཆེད་བཙུགས་ལས་གནས་འཆར་གཞི”ལག་ལེན་བསྟར་ཚུན། རིམ་རྩིས་བརྒྱབ་ན་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་ཁྲི་118དྲག་འདེམས་གདན་ཞུ་བྱས་པ་དེ་དག་ཞིང་ཆེན་22ཀྱི་རྫོང་1000ལྷག་ཙམ་གྱི་གྲོང་གསེབ་སློབ་གྲྭ་ཁྲི་3ལྷག་ཙམ་ལ་ཁྱབ་ཡོད། ཉེ་ཆར། རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མི་8ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་གྲོང་གསེབ་ཀྱི་སློབ་གསོའི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པའི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། གྲོང་གསེབ་ཏུ་གཞི་ཚུགས་ནས་དཔེ་ཁྲིད་མི་སྐྱོང་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད།