རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-10   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བསྒྱུར་བའི《ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》དང《ཞི་ཅིན་ཕིང་གི་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྣང་ཆེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གཅེས་བཏུས》དབྱིན་ཡིག་དཔར་མ་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཕྱི་རྒྱལ་ནང་ལ་འགྲེམས་སྤེལ་བྱས་པ་རེད།
《ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》དང《ཞི་ཅིན་ཕིང་གི་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྣང་ཆེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གཅེས་བཏུས》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དང་། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་སྣང་ཆེན་བྱེད་དགོས་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད། རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་ནི“ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་ཁྱབ་ཁོངས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཡིན་ལ། དུས་རབས་གསར་པའི་བུད་མེད་དང་བྱིས་པའི་བྱ་གཞག་དང་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བསམ་བློའི་གོ་མཚོན་སྟོབས་ལྡན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་ཉེར་ཡོད་པའི་མཚམས་སུ། བརྩམས་ཆོས་དེ་གཉིས་ཀྱི་དབྱིན་ཡིག་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། ཕྱི་རྒྱལ་གྱི་ཀློག་པ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པོས་གོ་བ་གཏིང་ཟབ་ལེན་པ་དང་། གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་འདོད་ཚུལ། ཀྲུང་གོའི་ཇུས་གཞི་བཅས་རྒྱུས་མངའ་གཏིང་ཟབ་ལོན་པར་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་བཅས་ཀྱི་ཐུན་མོང་གི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།