དབྱར་ཁའི་རྩེ་ཁོག་རྩྭ་ཐང་སྟེང་དུ་ནོར་ལུག་མང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    དབྱར་གྱི་དུས་སུ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ས་ཁོངས་སུ་རྩྭ་ཆུ་འཛོམས་ཤིང་། ཡངས་ཤིང་ཆེ་བའི་རྩྭ་ཐང་དང་སྔོ་ཞིང་སངས་བའི་ནམ་མཁའ། རྩྭ་ཆུ་ལ་རོལ་བའི་ནོར་ལུག་བཅས་ཀྱིས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་གྲུབ་ཡོད། རྩེ་ཁོག་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི3700ཡོད་པ་དང་།  2022ལོར་རྒྱལ་ཡོངས་ཀྱི་རྩྭ་ཐང་ཕྱུགས་ལས་ཚུལ་སྒྱུར་རིམ་སྤར་ཚོད་ལྟའི་རྫོང་དུ་བདམས་ཡོད།  །