རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-29   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
《ལག་བསྟར་ཇུས་གཞིའི》ནང་། སྤྱི་ལོ་2025ལོའི་ཟླ་བ་1ཚེས་1ཉིན་ནས་བཟུང་། ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ནས་སྐྱེས་པའི་ལོ་3མན་གྱི་ཕྲུ་གུར་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་དེ་ལོ་རེར་ཐེངས་རེ་སྤྲོད་རྒྱུ་ཡིན་པ་རེད། མིག་སྔའི་དུས་མཚམས་ལ་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་དེ་ཕྲུ་གུ་རེར་ལོ་རེར་སྒོར་3600ཡིན་པ་དང་། ཕྲུ་གུ་ལོ་3མ་ལོན་བར་ཁ་གསབ་སྤྲོད་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད།
དེའི་ནང་། སྤྱི་ལོ་2025ལོའི་ཟླ་1ཚེས་1ཉིན་གྱི་གོང་དུ་སྐྱེས་ཤིང་། ལོ་3ལ་སླེབས་མེད་པའི་ཕྲུ་གུ་དམར་འབྱར་ལ་ཁ་གསབ་སྤྲོད་དགོས་པའི་ཟླ་གྲངས་ལ་གཞིགས་ནས་ཁ་གསབ་སྤྲོད་རྒྱུ་རེད། ཕྲུ་གུ་གསོ་སྐྱོང་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་ཀྱི་གཏན་འབེབས་ལྟར་གསོ་སྐྱོང་ཁ་གསབ་ལ་མི་སྒེར་གྱི་ཐོབ་ཁྲལ་བསྡུ་རྒྱུ་མིན་པ་རེད། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་རོགས་སྐྱོར་བྱ་ཡུལ་གཏན་འཁེལ་བྱེད་སྐབས། ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་དེ་ཁྱིམ་ཚང་དང་མི་སྒེར་གྱི་ཡོང་འབབ་ནང་བརྩི་རྒྱུ་མིན་པ་རེད།
《ལག་བསྟར་ཇུས་གཞིའི》ནང་། ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་དེ་ཕྲུ་གུའི་ཕ་མ་ཕྱོགས་གཅིག་གམ་ཡང་ན་ལྟ་སྐྱོང་བྱེད་མཁན་གྱིས་གཏན་འབེབ་ལྟར་ཕྲུ་གུའི་ཐེམ་ཐོ་ཡོད་སར་རེ་ཞུ་བྱེད་པ་དང་། གཙོ་བོ་དྲ་ཐོག་ནས་ཕུ་གུ་གསོ་སྐྱོང་ཁ་གསབ་ཀྱི་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དེ་རེ་ཞུ་བྱེད་པ་དང་། ས་ཡུལ་དངོས་ནས་རེ་ཞུ་བྱེད་ཀྱང་ཆོག་ཅེས་བཏོན་ཡོད།