དབྱར་དུས་ཀྱི་སྟག་མཆོང་གྲོག་རོང་གི་རྦ་རླབས་གནམ་ལ་འཕྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སྟག་མཆོང་གྲོག་རོང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་ཡོད་པའི་རྒྱལ་ཁབ་ཀྱི་AAAAརིམ་པའི་མཛེས་ལྗོངས་ཁུལ་ཞིག་ཡིན་ལ། སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནས་ཕལ་ཆེར་སྤྱི་ལེ100ཡི་བར་ཐག་ཡོད་པ་དང་།  གྲོག་རོང་གི་རིང་ཚད་སྤྱི་ལེ་20ལྷག་ཡོད།  སྟག་མཆོང་གྲོག་རོང་ནི་འཛམ་གླིང་གི་ཨང་བཞི་པ་དང་།  ཀྲུང་གོའི་ཨང་གཉིས་པའི་གྲོག་རོང་ཆེན་པོ་ཡིན།    དབྱར་དུས་སུ་ཆར་ཆུ་རྒྱས་པའི་དབང་གིས་སྟག་མཆོང་གྲོག་རོང་གི་རྦ་རླབས་ཆེན་པོ་གནམ་ལ་འཕྱུར་བའི་སྣང་ཚུལ་མཐོང་ཐུབ།