རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན་གྱི་ཕྱི་དྲོར། 2025ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་བདེ་ཆེན་ཁུལ་ལ་དམིགས་འཛུགས་དབུལ་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཁུན་མིང་དུ་འཚོགས་པ།ཚོགས་འདུའི་ཐོག་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་བདེ་ཆེན་ཁུལ་ལ་དམིགས་འཛུགས་དབུལ་སྐྱོར་བྱེད་པའི་ལས་དོན་གྱི་ཕན་འབྲས་ལ་ཕྱོགས་སྡོམ་བྱས་པ་དང་།གོམ་སྟབས་རྗེས་མའི་དམིགས་འཛུགས་དབུལ་སྐྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ཏེ་དམིགས་འཛུགས་དབུལ་སྐྱོར་ཚན་པ་ཁག་གིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་བསྟན་དོན། 2024ལོ་ནས་བཟུང་ཀྲུང་དབྱང་ཁེ་ལས་གཉིས་དང་ཞིང་ཆེན་ནང་ཁུལ་གྱི་དམིགས་འཛུགས་དབུལ་སྐྱོར་ཚན་པ་18ཀྱིས་རོགས་སྐྱོར་གྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་།རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་གནད་སྨིན་བྱས་པས་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།དམིགས་འཛུགས་དབུལ་སྐྱོར་ཚན་པ་ཁག་གི་རྒྱབ་སྐྱོར་འོག འདས་ཟིན་པའི་ལོ་གཅིག་ནང་བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་བརྟན་ལྷིང་དང་།དཔལ་འབྱོར་འཕེལ་རྒྱས།མི་རིགས་མཐུན་སྒྲིལ།ཆོས་ལུགས་ཞི་མཐུན།དམངས་འཚོ་ལེགས་གཏོང་།སྣོད་བཅུད་བཟང་བ།ཏང་གི་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་དུ་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།
ལུའོ་ཁྲའོ་ཧྥེང་གིས་མིག་སྔར་བདེ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།“མཆོང་སྐྱོད་གཅིག”དང“ངེས་གནས་གསུམ”“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ”བཅས་ཀྱི་སྤྱིའི་བླང་བྱ་དེར་དམ་པོར་དམིགས་ནས།ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ཏེ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པ་རེད།དམིགས་འཛུགས་དབུལ་སྐྱོར་ཚན་པ་ཁག་གིས་ཕུགས་ཕན་རོགས་སྐྱོར་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་།རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རོགས་སྐྱོར་བྱ་ཐབས་སྦྲེལ་མཐུད་བྱེད་གནས་ཙམ་མ་ཡིན་པར་ཐོན་ལས་རོགས་སྐྱོར་དང་།ལས་ཞུགས་རོགས་སྐྱོར།ཤེས་ལྡན་མི་སྣའི་རོགས་སྐྱོར།འཛད་སྤྱོད་རོགས་སྐྱོར་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་བསྟན་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཀྲུང་གོ་ཡུལ་སྐོར་ཚོགས་པ། རྒྱལ་ཁབ་གནས་སྤོ་ཡུལ་མི་ཅུས་ཀྱི་རྒྱུན་གྲབས་སྟོབས་ཤུགས་སྤྱི་ཁྱབ་རུ་ཁག་གཉིས་པ། ཡུན་ནན་གློག་དྲ་ཚད་ཡོད་འགན་འཁྲི་ཀུང་སི། ཡུན་ནན་ཡུལ་སྐོར་ལས་རིགས་སློབ་གླིང་།ཀྲུང་གོ་ཟངས་ལས་ཚད་ཡོད་ཀུང་སི།འགྲིམ་འགྲུལ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་སོགས་ལས་ཁུངས་8་ཀྱི་འབྲེལ་ཡོད་འགན་ཁུར་པས་རིམ་པ་བཞིན་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་སྤེལ་རེས་བྱས་པ་མ་ཟད།རོགས་སྐྱོར་ལས་དོན་གྱི་ཕན་འབྲས་ཇི་ལྟར་ཆེ་རུ་གཏོང་རྒྱུར་དམིགས་ནས་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།ཚན་པ་ཁག་གིས་གོམ་སྟབས་རྗེས་མར་ཐོན་ལས་དང་།ཤེས་ལྡན་པ།རིག་གནས།སྣོད་བཅུད།རྩ་འཛུགས་སོགས་ཐད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བདེ་ཆེན་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཁག་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཚོགས་འདུའི་ཐོག་རྫོང(གྲོང་ཁྱེར)གསུམ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ཚུལ་གྱི་སྙན་སེང་གསན་པ་རེད།
རང་ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཧོང་ལུང་ཞིན། ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་བཅས་དང་དེ་བཞིན་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་དབུལ་སྐྱོར་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།