དབྱར་གནང་གི་སྐབས་སུ་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་བ་མང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    དབྱར་གནང་གི་སྐབས་སུ། རང་རྒྱལ་གྱི་ས་ཆ་མང་ཤོས་སུ་ཚ་བ་ཤིན་ཏུ་ཆེ་རུང་། སེམས་ཀྱི་ཉི་ཟླ་རུ་ཉིན་རེར་ཆ་སྙོམས་ཏུའུ་གྲངས19℃ཡིན་པས་གནམ་གཤིས་ཧ་ཅང་བསིལ་བས།ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།མི་རྣམས་ཀྱིས་གནས་འདི་ནས་ཚ་བ་གཡོལ་ཏེ་གངས་རི་དང་།སྤང་ལྗོངས།མཚེའུ་བཅས་དང་ནོར་ལུག་འདྲེས་ཡོད་པའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་ལ་བལྟ་ཆོག་པ་དང་།ཐུན་མིན་གྱི་དམངས་སྲོལ་རིག་གནས་ཉམས་ལེན་ཟབ་མོ་བྱས་ཏེ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་མྱོང་ཚོར་བྱེད་ཆོག